ཟླ་དགུ་པའི་ཚེས་བཅུ་གཅིག་ཉིན། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དང་། གྲོས་ཚོགས་ལས་ཀྲུང་དབྱང་གི་འབྲེལ་ཡོད་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་བཅས་བརྒྱུད་བསྒྲགས་བྱས་ཤིང་། མི་དོན་བྱ་བར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ནས། རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་“ལེགས་པ་བཞི”ཡི་ཚོང་ཚོགས་སྒོ་བྱང་བྱིན།
གྲོས་ཚོགས་ལས་བསྟན་དོན། ད་ལོར། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱི་ཡོངས་ལ་དམིགས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་ལ། “བདེ་ཐང་གཉིས”ཀྱི་བྱ་བའི་བརྗོད་དོན་ལ་རྐང་བཙུགས་ནས། བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་བཟོ་ཚོང་མཉམ་འབྲེལ་བྱ་བ་དང་འདྲེས་པར་བྱས། སྔར་ལས་ཕན་མཐོ་ནུས་ལྡན་གྱི་བརྟག་དཔྱད་ཞིབ་འཇུག་བྱ་བ་སྤེལ་ནས་དམངས་གཉེར་དཔལ་འབྱོར་མི་སྣའི་རེ་ཞུ་དང་སེམས་ཁུར་ལ་ཕྱིར་ལན་སྤྲད། གནད་འཁེལ་ཕན་མཐོ་ཡི་དཔལ་འབྱོར་ཞབས་ཞུས་དམངས་གཉེར་ཁེ་ལས་འཕེལ་རྒྱས་འགྲོ་བར་རོགས་འདེགས་བྱས་ཤིང་། བཅོས་སྒྱུར་གསར་གཏོད་སྙིང་སྟོབས་ཀྱིས་ཚོང་ཚོགས་རྩ་འཛུགས་བསྐྲུན་པར་སྐུལ་འདེད་བཏང་བ་མ་ཟད། དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་སྒུལ་ནུས་ཇེ་དྲག་དང་། གསོན་ཤུགས་རྒྱས་པར་བྱས་པས། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་དུས་རིམ་གསར་བའི་ཕྱོགས་སུ་བསྐྱོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མིག་སྔར་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་ཕན་ཁེ་རྒྱུན་མཐུད་ངང་ཐོན་བཞིན་ཡོད་པས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་གོ་སྐབས་གསར་བ་བསྩལ་ཞིང་། ལྷག་པར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བར་བླང་བྱ་གསར་བ་བཏོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཚོང་ཚོགས་རྩ་འཛུགས་ཀྱིས་རྒྱུན་ཆད་མེད་པར་བརྗོད་དོན་སློབ་གསོ་སྤེལ་བར་སྐུལ་འདེད་གཏོང་རྒྱུ་དེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། བརྗོད་དོན་སློབ་གསོའི་གྲུབ་འབྲས་མུ་མཐུད་རྒྱ་བསྐྱེད་སྲ་བརྟན་དུ་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་མི་སྣའི་བསམ་བློ་ཆབ་སྲིད་སྣེ་ཁྲིད་ཤུགས་དྲག་ཏུ་གཏོང་དགོས། འབྲེལ་ཟམ་སྒྲོག་ཐག་ལྟ་བུ་དང་རོགས་ལས་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཏེ། ཁེ་ལས་ལ་ཕན་པ་དང་ཁེ་ལས་སྲིད་ཇུས་དྲིལ་སྒྲོག་བཟང་པོ་བྱེད་པ་དང་། ཆབ་སྲིད་དང་ཁེ་ལས་མཐུན་སྦྱོར་གྱི་སྟེགས་བུ་ལེགས་པོར་འཛུགས་དགོས། དཔལ་འབྱོར་ཞབས་ཞུ་ལེགས་པོར་སྒྲུབ་པ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་ཅིག་བསྐྲུན་དགོས། གཞི་རིམ་ཚོང་ཚོགས་ཚན་ཁག་འཛུགས་པའི་ནུས་ཚད་ཇེ་ཆེར་བཏང་ནས། འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཡོངས་ཁེབས་རྒྱ་ཁྱོན་མུ་མཐུད་ཆེ་རུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་ཚོང་ཚོགས་རྩ་འཛུགས་ཧུར་ཐག་གིས་གསོ་སྐྱོང་དང་འཕེལ་རྒྱས་སུ་གཏོང་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།