ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཚོ་སྔོན་དུ་ལག་བསྟར་བྱེད་པའི་ཆེད་དོན་སྒྲོག་བཤད་ཚོགས་འདུའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་མཚོ་སྔོན་ཟི་ལིང་དུ་འཚོགས།
2023.09.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ9པའི་ཚེས11ཉིན། ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཚོ་སྔོན་དུ་ལག་བསྟར་བྱེད་པའི་ཆེད་དོན་སྒྲོག་བཤད་ཚོགས་འདུའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་མཚོ་སྔོན་ཟི་ལིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཆ་འཕྲིན་བརྒྱུད་བསྒྲགས་ཅུའུ་ཡི་ཅུའུ་ཀྲང་། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་མགྲིན་ཚབ་པ་ཧུའུ་ཀྲའོ་མིན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཕྱི་དོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་ཀྲི་ཀྲུང་གཉིས་ཀྱིས་སོ་སོར་བྱེད་སྒོ་དང་གྲ་སྒྲིག་གི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པར་མ་ཟད་གསར་འགོད་པའི་དྲི་བར་ལན་བཏབ།

ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་དུ་སྒྲུབ་པའི་ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཚོ་སྔོན་དུ་ལག་བསྟར་བྱེད་པའི་ཆེད་དོན་སྒྲོག་བཤད་ཚོགས་འདུ་ཟླ9པའི་ཚེས12ཉིན་ནས་ཚེས་14ཉིན་བར་འཚོགས་རྒྱུ་ཡིན་ལ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཞེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་སྒུལ་ཤུགས་སུ་བྱས་ཏེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་སྐྲུན་པའི་གསོན་ཉམས་དོད་པའི་ལག་ལེན་དང་གཡུར་ཟའི་གྲུབ་འབྲས་ཕྱི་ཕྱོགས་སུ་སྒྲོག་བཤད་བྱེད་རྒྱུ་ཡིན་ལ། རྒྱལ་ཁབ་སུམ་ཅུ་ཙམ་ནས་ཡོང་བའི་ཕྱི་རྒྱལ་གྱི་སྲིད་ཏང་གི་འཐུས་མི་བརྒྱ་དང་ལྔ་ཅུ་ཙམ་ཐེངས་འདིའི་ཚོགས་འདུར་ཞུགས་ཡོད་པ་རེད།

མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་དེ་སྐྱེ་ཁམས་ཀྱི་སྟེང་ན་ཡོད་པ་དང་། འགན་འཁྲི་ཆེ་ཤོས་དེ་སྐྱེ་ཁམས་ཀྱི་སྟེང་ན་ཡོད་ལ། སྦས་ཤུགས་ཆེ་ཤོས་དེའང་སྐྱེ་ཁམས་ཀྱི་སྟེང་ན་ཡོད་པའི་ཞིང་ཆེན་གྱི་དམིགས་བསལ་གནས་ཚུལ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཁྱད་ཆོས་གལ་ཆེན་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་དེ་བས་མངོན་གསལ་དོད་པོ་ཡོད། ད་ཐེངས་ཀྱི་སྒྲོག་བཤད་ཚོགས་འདུ་ནི་ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་སློབ་གསོ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགག་རྩའི་ལྷུ་ཚིགས་སུ་བསྡུས་པའི་བྱེད་སྒོ་གལ་ཆེན་ཞིག་ཡིན། མཚོ་སྔོན་དུ་ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་ཀྱི་ཆེད་དོན་སྒྲོག་བཤད་ཚོགས་འདུ་འཚོགས་པ་འདིའི་སྟེང་ནས་ཏང་ཀྲུང་དབྱང་གིས་ཏང་གི་ཕྱི་ཕྱོགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་སྒོས་མཚོན་པ་དང་། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་མཚོ་སྔོན་གྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བ་མཚོན་ཡོད་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལས་དོན་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་བརྗིད་ཆེའི་འཆར་གཞི་མངོན་འགྱུར་བྱ་ཆེད་འབད་འཐབ་མདུན་སྐྱོད་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན།

ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཆར་གཞི་བཀོད་པའི་བརྗིད་ཆེའི་འཆར་གཞི་བརྒྱུད་ལོ་རྒྱུས་ཀྱི་རང་འགུལ་ཁྲོད་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་པ། དམངས་འཚོའི་བདེ་སྐྱིད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་ཏུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་སྔར་ལས་བརྟན་པོ་དང་རྨང་གཞི་སྔར་ལས་བརྟན་པོ། སྒུལ་ནུས་སྔར་ལས་ཤུགས་ཆེན་བཅས་ཐོབ་ཡོད།

ད་ཐེངས་ཀྱི་ཆེད་དོན་སྒྲོག་བཤད་ཚོགས་འདུའི་སྟེང་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་གཙོ་བོས་གཙོ་དོན་སྒྲོག་བཤད་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་ནས་ཡོང་བའི་གཞི་རིམ་གྱི་འཐུས་མི་དྲུག་གིས་ཕྱོགས་མི་འདྲ་བའི་ངོས་ནས་སྐྱེ་ཁམསཁོར་ཡུག་སྲུང་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། དམངས་འཚིས་ལེགས་བཅོས་སོགས་ཐད་ཀྱི་ངོ་མཚར་ཆེ་བའི་གཏམ་རྒྱུད་མཉམ་སྤྱོད་བྱ་རྒྱུ་རེད། དེའི་རིང་ཚོགས་ཞུགས་སྐུ་མགྲོན་གྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་མཉམ་དུ་ལྟ་སྐོར་བྱ་རྒྱུ་མ་ཟད། དུས་མཚམས་གསུམ་ལ་དབྱེ་ནས་ཟི་ལིང་གྲོང་ཁྱེར་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་སུ་བསྐྱོད་དེ་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། མི་རིགས་རིག་གནས་རྒྱུན་འཛིན་སྲུང་སྐྱོང་། གཞི་རིམ་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་གཏོད་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གསར་གཏོད། གྲོང་གསེབ་དར་སྤེལ་སོགས་ཀྱི་གནས་ཚུལ་ལ་དངོས་སུ་རྟོག་ཞིབ་བྱས་ནས་དེང་རབས་ཅན་གྱི་གསོན་ཤུགས་གསར་པ་དང་མཚོ་སྔོན་གྱི་གསོན་ཤུགས་གསར་པ་མྱོང་རོལ་གང་ལེགས་བྱ་རྒྱུ་རེད།

ཤ་བོ་གསེར་མཚོས་བསྒྱུར།