ཞི་ཅིན་ཕིང་གིས་ལི་པི་ཡའི་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེའི་ཐད་ལི་པི་ཡའི་ཙུང་ཐུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་འཚམས་འདྲིའི་གློག་འཕྲིན་བཏང་། 
2023.09.12 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཟླ9པའི་ཚེས12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་པི་ཡའི་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེའི་ཐད་ལི་པི་ཡའི་ཙུང་ཐུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མན་ཧྥེ་ལ་འཚམས་འདྲིའི་གློག་འཕྲིན་བཏང་། 

ཞི་ཅིན་ཕིང་གིས་བསྟན་དོན། ཁྱེད་ཚོའི་རྒྱལ་ཁབ་ཏུ་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེ་ཐེབས་ནས་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བཟོས་པ་ཤེས་རྟོགས་བྱུང་བས། ངས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་རྐྱེན་ལམ་དུ་ཤོར་བའི་མི་སྣར་སེམས་གཏིང་ནས་མྱ་ངན་ཞུ་བ་དང་། རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མི་དང་རྨས་མ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ལ། ལི་པི་ཡའི་མི་དམངས་ཀྱིས་དཀའ་ངལ་མཉམ་སེལ་དང་གནོད་འཚེ་ལས་རྣམ་པར་རྒྱལ་ཐུབ་པར་ཡིད་ཆེས་ཡོད། 

ཤ་བོ་གསེར་མཚོས་བསྒྱུར།