ལིས་ཞི་རྒྱལ་ཁབ་དོན་བདུན་གྱི་སྡེ་ཚོགས་དང་ཀྲུང་གོའི་ཧ་ཝ་ན་རྩེ་ཚོགས་ལ་ཞུགས་རྒྱུ་ཡིན་པར་མ་ཟད། ཁུ་པ་དང་པ་ཞི། ཨེ་ཅིབ་བཅས་ལ་འཚམས་འདྲི་བྱ་རྒྱུ་རེད།
2023.09.12 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

རྒྱལ་ཁབ་དོན་བདུན་གྱི་སྡེ་ཚོགས་ཀྱི2023ལོའི་ཀྲུའུ་ཞིའི་རྒྱལ་ཁབ་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡ་སི-ཁ་ནེའར་གྱིས་གདན་དྲངས་པ་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཟླ9པའི་ཚེས14ཉིན་ནས་ཚེས་16ཉིན་བར་ཧ་ཝ་ན་རུ་འཚོགས་རྒྱུ་ཡིན་པའི་རྒྱལ་ཁབ་དོན་བདུན་གྱི་སྡེ་ཚོགས་དང་ཀྲུང་གོའི་ཧ་ཝ་ན་རྩེ་ཚོགས་ལ་ཞུགས་རྒྱུ་རེད།

ཁུ་པའི་གུང་ཁྲན་ཏང་དང་། པ་ཞིའི་སྲིད་གཞུང་དང་ངལ་རྩོལ་བཟོ་པའི་ཏང་། ཨེ་ཅིབ་ཀྱི་མེས་རྒྱལ་འབྱུང་འགྱུར་ཏང་གི་ཀྲུའུ་ཞི། གྲོས་ཁང་གོང་མའི་གྲོས་དཔོན་ཨ་པུའུ་ཏུའུ་ལ་ཆི་ཀི་བཅས་ཀྱིས་གདན་དྲངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་ཟླ9པའི་ཚེས16ཉིན་ནས་ཚེས26ཉིན་བར་ཀྲུང་གུང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་གོང་གསལ་རྒྱལ་ཁབ་གསུམ་ལ་མཛའ་མཐུན་འཚམས་འདྲི་བྱ་རྒྱུ་རེད།

ཤ་བོ་གསེར་མཚོས་བསྒྱུར།