མཚོ་སྔོན་ཞིང་ཆེན་གྱི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྐོར་ཐེངས་དང་པོའི་སྤྱི་སྡོམ་དང་སྐོར་ཐེངས་གཉིས་པའི་བཀོད་སྒྲིག་གྲོས་ཚོགས་ཟི་ལིང་དུ་བསྡུས།
2023.09.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་སྐོར་ཐེངས་དང་པོའི་སྤྱི་སྡོམ་དང་སྐོར་ཐེངས་གཉིས་པའི་བཀོད་སྒྲིག་གྲོས་ཚོགས་ཟླ་དགུ་པའི་ཚེས་བཅུ་གཉིས་ཉིན་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། ལས་བྱེད་པས་བྱ་བ་སྒྲུབ་པ་དང་། བསམ་ཕྱོགས་གསལ་བོ་བྱེད་པ། རང་གཅུན་ནན་མོ་བྱེད་པའི་བྱ་བའི་རེ་བར་དམ་དུ་དམིགས་ནས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་སྤེལ་བྱེད་པ་བཅས་ལག་ལེན་གྱི་འདྲེན་བྱེད་དུ་བྱེད་པ་དང་། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་པ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་བྱེད་ཐབས་གལ་ཆེན་དུ་བརྩིས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཚོ་སྔོན་ནས་རྒྱུན་མཐུད་ངང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་དང་། ཀྲུང་དབྱང་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བཅུ་བཞི་པའི་ཚན་གཙོ་ཝང་ཅུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་པོ་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཀྲའོ་ཡུའེ་ཞ་ཡིས་ཀྲུང་དབྱང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྐོར་ཐེངས་དང་པོའི་སྤྱི་སྡོམ་དང་སྐོར་ཐེངས་གཉིས་པའི་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས།

ཁྲིན་ཀང་གིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་དང་། ཀྲུང་དབྱང་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བཅུ་བཞི་པའི་ཤུགས་ཡོད་མཛུབ་སྟོན་འོག སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོས་ཆབ་སྲིད་ཀྱི་ཚད་གཞི་རྒྱུན་འཁྱོངས་དང་གོང་རིམ་གྱིས་འོག་རིམ་གྱི་སྣེ་ཁྲིད་པ་འབུར་དུ་ཐོན་པར་བྱས་པ་དང་། སློབ་སྦྱོང་གཙོར་འཛིན་པ་རྒྱུན་འཁྱོངས་དང་ཞིང་ཆེན་གྱི་གནས་ཚུལ་ཐད་ཀྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ། དངོས་གཉེར་གཙོར་འཛིན་པ་རྒྱུན་འཁྱོངས་དང་ལས་འགན་གཙོ་བོར་དམ་དུ་དམིགས་པ། གཟབ་ནན་བྱེད་པ་རྒྱུན་འཁྱོངས་དང་ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ། ནན་སྡོམ་རྩིས་ཆེ་རྒྱུན་འཁྱོངས་དང་ལས་གཉེར་གྱི་སྣང་ཚུལ་བསྐྲུན་པ་བཅས་བྱས་ནས། དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་སྤྱིའི་གཞི་འཛིན་ས་དང་སྤྱིའི་སྣེ་ཁྲིད་དུ་བརྩིས་ནས། སེམས་གཏིང་ནས་གཏན་ཕབ་གཉིས་ལ་གོང་བཀུར་བྱས་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབས་ལ། སློབ་སྦྱོང་གིས་ལག་ལེན་ལ་མཛུབ་སྟོན་བྱས་པ་དང་། ལག་ལེན་གྱིས་འཕེལ་རྒྱས་ལ་མཛུབ་སྟོན་བྱས་ཏེ། འཕེལ་རྒྱས་ཁྲོད་ཀྱི་དཀའ་ཁག་གནད་དོན་སྐོར་ཞིག་ཐག་བཅད་པ་དང་། གུས་ཞེད་ཡོད་པ་དང་འཇིགས་ཟོན་ཡོད་པ། ཚད་མཐའ་སྲུང་བའི་འདུ་ཤེས་ཇེ་བརྟན་དུ་བཏང་ལ། སྲོལ་ངན་བཅོས་སྒྱུར་དང་སྤྱོད་ཚུལ་བསྒྱུར་བ་དང་། སྲོལ་གསར་གྲུབ་པར་བྱས་ལ། ཆབ་སྲིད་སྟོབས་ལྡན་དུ་བསྒྱུར་བ་དང་བསམ་ཕྱོགས་ཇེ་བཟང་དུ་གཏོང་བ། བྱ་བ་བརྟན་བརླིང་ངང་སྤེལ་བ། སྒྲིག་ལམ་ཇེ་དམ་དུ་གཏོང་བ། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བའི་གྲུབ་འབྲས་དངོས་ལ་བརྟེན་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་ལས་དོན་སྣ་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ཡོད།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོའི་ཐད་ནས་ངེས་པར་དུ་དགོངས་པ་སློབ་པ་དང་ཏང་གཤིས་སྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པའི་སྤྱིའི་རེ་བར་དམིགས་ནས། ཀྲུང་དབྱང་གི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྒྱུས་ལོན་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ་དང་། གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་དང་དངོས་གཉེར་ཁག་ཁུར་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ། ཏང་གཤིས་བརྟན་པོར་བསྐྱེད་པ་དང་སྤྱོད་ཚུལ་འཛུགས་སྐྲུན་ཟབ་སྤེལ་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ། གནད་དོན་དངོས་ཐག་གཅོད་པ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་གཉིས་ཟུང་འབྲེལ་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་བྱེད་པ་དང་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བ་གཉིས་མཉམ་བསྲེས་ཟབ་མོ་བྱེད་པ། ལྷོད་གཡེང་མི་བྱེད་པ་དང་ཚད་གཞི་ཇེ་དམའ་རུ་མི་གཏོང་བ། བྱ་བའི་རྒྱུན་མི་ཆད་པ་དང་ནུས་ཤུགས་ཇེ་ཆུང་དུ་མི་གཏོང་བ་བཅས་བྱས་ནས། སྔོན་དཔག་གི་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས། བསླབ་ནས་བློ་སྦྱོང་བྱེད་པའི་ཁྲོད་ཏང་གཤིས་བསྐྱེད་པ་དང་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ་དང་། ཟབ་སྒྱུར་དང་ནང་སྒྱུར། སྒྱུར་བཅོས་བཟང་བོ་བྱས་ནས། བརྗོད་དོན་སློབ་གསོ་དེ་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་འདྲེས་པར་བྱེད་པ་དང་རྒྱུན་དུ་དམ་འཛིན་བྱེད་དགོས། བསླབ་ནས་རིག་སྟོབས་སྤེལ་བའི་ཁྲོད་བློ་རིག་གཅིག་ཏུ་བསྡུ་བ་དང་ནུས་པ་ཇེ་མཐོར་བཏང་སྟེ། ཆབ་སྲིད་ཀྱི་ནུས་པ་དང་བསམ་བློའི་ནུས་པ། ལག་ལེན་གྱི་ནུས་པ་ཇེ་དྲག་ཇེ་མཐོར་གཏོང་དགོས། བསླབ་ནས་སྤྱོད་བཟང་སྐྱོང་བའི་ཁྲོད་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་དང་སྤྱོད་བསྲང་སྒྲིག་གཅུན་བྱེད་པ་དང་། སྐོར་གཅིག་དྲུག་གི་རེ་བ་ལག་བསྟར་ནན་མོ་བྱས་ནས། དཔེ་གཞིས་བཅོས་སྒྱུར་ལ་སྐུལ་བ་དང་སྤྱོད་ཚུལ་འབུར་ཐོན་གནད་དོན་སོགས་ཀྱི་ཆེད་དོན་བཅོས་སྐྱོང་སྤེལ་དགོས། བསླབ་ནས་ལས་ལ་སྐུལ་བའི་ཁྲོད་ཁག་ཁུར་འབད་འཐབ་དང་དངོས་སྒྲུབ་ལག་བསྟར་བྱེད་པ་དང་། སྒྲུབ་འདོད་པའི་རང་རྟོགས་དང་སྒྲུབ་ཕོད་པའི་ངར་ཤུགས། སྒྲུབ་ཤེས་པའི་ནུས་པ་ཇེ་ཆེར་བཏང་སྟེ། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱེད་དགོས།

ཁྲིན་ཀང་གིས། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ས་ཁུལ་དང་སྡེ་ཁག་ནི་དཔལ་འབྱོར་འཛུགས་སྐྲུན་དང་གཞི་རིམ་བཅོས་སྐྱོང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཡུལ་གནས་གཙོ་བོ་ཡིན་པ་དང་། མང་ཚོགས་ལ་འབྲེལ་འདྲིས་བྱེད་ཚད་མཐོ་བ་དང་། མང་ཚོགས་ལ་ཐད་ཀར་ཞབས་འདེགས་ཞུ་བ། མང་ཚོགས་ཀྱི་རེ་སྒུག་དེ་ལས་ཀྱང་མཐོ་བས། མདུན་དུ་ལྷགས་པའི་འགྲན་སློང་ཡང་དེ་ལས་མང་། དམིགས་འབེན་རེ་བ་ཁོང་དུ་ཆུད་པར་བྱེད་པ་དང་། རིགས་བགར་ཐབས་སྤྱོད་བྱེད་པར་དོ་སྣང་བྱེད་པ། བྱ་བའི་སྦྲེལ་མཐུད་བཟང་བོ་བྱེད་པ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ། ལྟ་སྐུལ་མཛུབ་སྟོན་ཇེ་དྲག་ཏུ་གཏོང་བ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གྲོང་ཁྱེར་དང་རྫོང་རིམ་པའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པ་འབུར་དུ་ཐོན་པར་བྱེད་པ། ཕན་པ་ལྡན་པའི་ཉམས་མྱོང་བྱེད་ཐབས་རྒྱུན་འཁྱོངས་དང་བཀོལ་སྤྱོད་བཟང་བོ་བྱེད་པ། སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོ་ཉིན་རྒྱུན་དུ་སྤེལ་བར་སྐུལ་འདེད་བཏང་སྟེ། སྐོར་ཐེངས་གཉིས་ཀྱི་བརྗོད་དོན་སློབ་གསོའི་གཅིག་འདོམས་མཉམ་འབྲེལ་མངོན་འགྱུར་བྱེད་དགོས། མང་ཚོགས་ཟབ་ཞུགས་བྱེད་ཚད་རྒྱ་བསྐྱེད་པ་དང་། མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། མང་ཚོགས་གདན་ཞུ་བྱས་ནས་གདེང་འཇོག་བྱེད་དུ་འཇུག་པ། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུ་དེ་བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩིས་ཏེ། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་ཁ་ཕྱོགས་མི་ནོར་བ་དང་དོན་ལྡན་ཡོང་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

ཝང་ཅུང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ལ། ཀྲུང་དབྱང་གི་བརྗོད་དོན་སློབ་གསོའི་སྤྱིའི་རེ་བར་དམ་དུ་དམིགས་ནས། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དག་ཐེར་ལེགས་བཅོས་ལ་ལྟ་ཞིབ་བྱེད་པ། སྒྲིག་སྲོལ་འཛུགས་པའི་བྱེད་ཐབས་སྣ་ཚོགས་མཉམ་དུ་ལག་བསྟར་བྱས་པ་དང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་དེ་བརྗོད་དོན་སློབ་གསོའི་ལག་ལེན་གྱི་འདྲེན་བྱེད་གསུམ་དུ་བརྩིས་ལ། ཆབ་སྲིད་སྟོབས་ལྡན་དུ་བསྒྱུར་བ་དང་། བསམ་ཕྱོགས་ཇེ་གསལ་དུ་གཏོང་བ། བྱ་བ་བརྟན་བརླིང་ངང་སྤེལ་བ། སྒྲིག་ལམ་ཇེ་དམ་དུ་གཏོང་བ་དང་། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་བཅས་མངོན་འགྱུར་བྱས་པ་དང་། སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།  སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་བཟང་བོར་སྤེལ་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱེད་པ་དང་། དགོངས་པ་སློབ་པ་དང་ཏང་གཤིས་སྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པའི་སྤྱིའི་རེ་བར་གོ་བ་ཟབ་མོ་ལེན་པ། སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་ཉམས་མྱོང་བཟང་བོར་དཔེ་ལྟ་བྱེད་པ་དང་བཀོལ་སྤྱོད་བྱེད་པ། དམིགས་འབེན་རེ་བ་ཁོང་དུ་ཆུད་པར་བྱེད་པ། རིགས་བགར་མཛུབ་སྟོན་ལ་ཤུགས་སྣོན་པ། གནད་དོན་དངོས་ཐག་གཅོད་པ། གཅིག་འདོམས་སྦྲེལ་མཐུད་དམ་འཛིན་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་བཀག་འགོག་བྱེད་པ། མ་ལག་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། བརྗོད་དོན་སློབ་གསོའི་དགོངས་གཞི་ཁོང་དུ་ཆུད་པར་བྱེད་པ། བརྗོད་དོན་སློབ་གསོ་དང་ད་ལོའི་བྱ་བའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པ་གཉིས་ཟུང་འབྲེལ་བྱས་ནས། ཕྱོགས་གཉིས་ནས་དམ་འཛིན་བྱེད་པ་དང་སྐུལ་འདེད་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་གྲུབ་འབྲས་དངོས་ཀྱིས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་དུ་འགྲེང་ནས། ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ། འཐབ་རྩོད་ཀྱི་སྙིང་སྟོབས་ཇེ་དྲག་ཏུ་གཏོང་བ། སྐོར་ཐེངས་དང་པོ་དང་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོའི་སྦྲེལ་མཐུད་མཉམ་འབྲེལ་དམ་འཛིན་བྱེད་པ། ལས་འགན་གཙོ་བོ་སྣ་ཚོགས་དོན་འཁྱོལ་བཟང་བོ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཚོ་སྔོན་ནས་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་མཚོ་སྔོན་ནས་ལག་བསྟར་བྱས་ཏེ་གྲུབ་འབྲས་སྨིན་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་རྫོང་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད། ཀྲུང་དབྱང་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བཅུ་བཞི་པའི་ཚན་གཙོ་གཞོན་པ་ཝང་ཧྲུའུ་ཉན་དང་། མཛུབ་སྟོན་ཚན་ཆུང་གི་ཁོངས་མི། ཞིང་ཆེན་གྱི་འགོ་ཁྲིད་ཝང་ལིས་མེན་དང་ཝང་ཝེ་ཏུང་། ཝང་དབྱང་། ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧྭན། ལོས་ཀང་། ཐེན་ཁུའེ་བཅས་ཚོགས་ར་གཙོ་བོ་ནས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།