རྟ་ཐང་རྫོང་གིས་འཚོ་བར་དཀའ་ཁག་ཡོད་པའི་དབང་བོ་སྐྱོན་ཅན་སྟོང་གཅིག་དང་བརྒྱད་བརྒྱ་ང་གཅིག་ལ་སྤྱི་ཕན་རང་བཞིན་གྱི་ལུས་གསོ་གཞོགས་འདེགས་ཡོ་ཆས་བྱིན།
2023.09.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ལེང་ཅོ་ཡུལ་ཚོའི་དབང་བོ་སྐྱོན་ཅན་ལྔ་བཅུ་ལ། ཞིང་ཆེན་རིམ་པའི་སྤྱི་ཕན་རང་བཞིན་གྱི་ལུས་གསོ་གཞོགས་འདེགས་ཡོ་ཆས་སྡེབས་སྒྲིག་ལས་གཞིའི་གཞོགས་འདེགས་ཡོ་ཆས་བྱིན། གཞོགས་འདེགས་ཡོ་ཆས་སྟེར་བའི་ཡུལ་དངོས་སུ། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱི་ཏང་ཙུའུ་ཁོངས་མི། ཐིན་ཀྲང་གཞོན་པ་སུའུ་ལེ་ཧུང་གིས་བཤད་རྒྱུར། ཐེངས་འདིའི་ཡོ་ཆས་སྟེར་བའི་མཛད་སྒོ་ནི་དེ་དཔེ་སྟོན་སྣེ་ཁྲིད་དུ་བྱས་ནས། སྤྱི་ཕན་རང་བཞིན་གྱི་ལུས་གསོ་གཞོགས་འདེགས་ཡོ་ཆས་སྟེར་བའི་ལས་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། འཚོ་བར་དཀའ་ཁག་ཡོད་པའི་དབང་བོ་སྐྱོན་ཅན་ལ་ལུས་གསོའི་གཞོགས་འདེགས་ཡོ་ཆས་མེད་པའི་གནད་དོན་ཐག་བཅད་པ་དང་། ཁོ་ཚོ་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་ཁྲོད་འདྲེས་པར་རོགས་བྱས་ལ། དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་གི་འཚོ་བའི་རྒྱུ་སྤུས་ཇེ་མཐོར་བཏང་ཟེར།

ད་ལོར། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོར་ཟུང་འབྲེལ་བྱས་ནས། ལུས་གསོ་གཞོགས་འདེགས་ཡོ་ཆས་སྟེར་རྒྱུ་དེ་དོན་དངོས་བསྒྲུབ་པའི་ལས་གཞིའི་གསལ་ཁྲའི་ཁྲོད་བཞག་པ་དང་། ཀྲུང་དབྱང་གི་གཅིག་བསྡུས་རྒྱན་ཤོག་སྤྱི་ཕན་མ་དངུལ་སྒོར་ས་ཡ་གཅིག་འབུམ་གསུམ་བརྩོན་ལེན་བྱས་ཏེ། སྔོན་དུས་སུ་ཚགས་འདེམས་མཐིལ་རྟོགས་དང་སྡེབས་སྒྲིག་དཔྱད་འཇོག་བྱས་པའི་རྨང་གཞིའི་སྟེང་། རིན་མ་བླངས་པར་རང་ཞིང་གི་རྒྱལ་ཁབ་རིམ་པའི་གྲོང་གསེབ་དར་སྤེལ་གནས་གཏན་རོགས་སྐྱོར་རྫོང་བཅོ་ལྔ་དང་། ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་གནས་གཏན་རོགས་སྐྱོར་རྫོང་བཅུ་ཡི་འཚོ་བར་དཀའ་ཁག་ཡོད་པའི་དབང་བོ་སྐྱོན་ཅན་སྟོང་གཅིག་དང་བརྒྱད་བརྒྱ་ང་གཅིག་ལ་རྐུབ་སྟེགས་འཁོར་ལོ་ཅན་སྟོང་གཅིག་དང་དྲུག་བརྒྱ་ང་གཅིག་དང་རྣ་རོགས་ཉིས་བརྒྱ་བྱིན།

རིན་ཆེན་མཚོས་བསྒྱུར།