ཞི་ཅིན་ཕིང་གིས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
2023.09.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཚེས13ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་མཛད་སྒོ་བསྡུས་ནས་ཝེ་ནེ་ཙུའེ་ལ་པོ་ལེ་ཝའར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཉི་ཀུའུ་ལ་སི·མཱ་ཏུའུ་ལོ་·མོ་ལོ་སི་རང་རྒྱལ་དུ་རྒྱལ་དོན་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས།

ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལིས་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་དབྱི་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས།

མཱ་ཏུའུ་ལོ་དང་མཉམ་དུ་ཀྲུང་གོར་འཚམས་འདྲིར་ཡོང་མཁན་ལ་ཙུང་ཐུང་གི་ལྕམ་མོ་དང་། ཙུང་ཐུང་གཞོན་པ། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་སོགས་ཡོད།

དམག་མིའི་རམ་དཀྲོལ་རུ་ཁག་གིས་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་། གུས་ལུགས་སྒྱོགས་སྒྲ་ཉེར་གཅིག་གྲགས་པར་བྱས།

མཱ་ཏུའུ་ལོ་ཡིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གཟིགས་ཞིབ་སྟེགས་བུར་ཕེབས་ནས་གཟབ་སྦྲེང་རུ་ཁག་གི་རུ་སྟར་སོ་སོར་གཟིགས་ཞིབ་གནང་།

དེའི་རྗེས་དམག་མིའི་རམ་དཀྲོལ་རུ་ཁག་གིས་རམ་དཀྲོལ་འཁྲབ་སྟོན་བྱས།

མཱ་ཏུའུ་ལོ་ནི་ཞི་ཅིན་ཕིང་གིས་གདན་དྲངས་པ་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བ་རེད།

ཤ་བོ་གསེར་མཚོས་བསྒྱུར།