ཟླ9པའི་ཚེས13ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་པེ་ཅིང་དུ་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་སུའུ་ལིན་ལ་མཇལ་འཕྲད་གནང་།
ཟླ9པའི་ཚེས13ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་པེ་ཅིང་དུ་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་སུའུ་ལིན་ལ་མཇལ་འཕྲད་གནང་།
ཚའེ་ཆི་ཡིས་བསྟན་དོན། ཀྲུང་གོ་དང་ཡའོ་ནན་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པས་ཐུན་མོང་གི་ཕུགས་བསམ་དད་སེམས་དང་རིན་ཐང་འཚོལ་སྙེག་ཡོད། ང་ཚོས་ཡའོ་ནན་ཕྱོགས་དང་མཉམ་དུ་ཏང་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་མཉམ་དུ་དོན་འཁྱོལ་བྱས་ནས“ཡིག་འབྲུ་བཅུ་དྲུག”གི་བྱེད་ཕྱོགས་དང“ལེགས་པོ་བཞིའི”དགོངས་དོན་མཐའ་འཁྱོངས་ཀྱིས་སྲོལ་རྒྱུན་གྱི་མཛའ་གྲོགས་སྲ་བརྟན་དུ་གཏོང་བ་དང་། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་པ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། འགལ་ཟླ་དོ་དམ་ཚོད་འཛིན་འོས་འཚམ་བཅས་བྱས་ནས་དུས་རབས་གསར་བར་ཀྲུང་གོ་དང་ཡའོ་ནན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་ཡའོ་ནན་རྒྱལ་ཁབ་གཉིས་ཀྱི་སྤྱི་བདེ་པུའུ་ཡིས་ཆབ་སྲིད་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་ཁོངས་ལས་བརྒལ་བའི་ཉེས་གསོག་ལ་མཉམ་དུ་རྡུང་རྡེག་ཚ་ནན་གཏོང་བ། དྲ་རྒྱའི་བདེ་འཇགས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱེད་པ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡའོ་ནན་གྱི་ལས་དབང་གཅིག་མཐུན་ཚོགས་པ་ཧུར་ཐག་གིས་གཏོད་དགོས་ཟེར།
སུའུ་ལིན་གྱིས་ཡའོ་ཀྲུང་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གདེང་འཇོག་གང་ལེགས་བྱས་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཡའོ་ཀྲུང་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་འདོད་ཡོད་ཅེས་བཤད།
ཝང་ཞའོ་ཧུང་མཇལ་འཕྲད་ལ་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།