ཚའེ་ཆི2023ལོའི་པེ་ཅིང་རིག་གནས་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
2023.09.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཚེས14ཉིན་གྱི་སྔ་དྲོར། 2023ལོའི་པེ་ཅིང་རིག་གནས་གླེང་སྟེགས་པེ་ཅིང་དུ་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཚེས14ཉིན་གྱི་སྔ་དྲོར། 2023ལོའི་པེ་ཅིང་རིག་གནས་གླེང་སྟེགས་པེ་ཅིང་དུ་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལེ་ཡིས་འགོ་རྩོམ་མཛད་སྒོའི་སྟེང་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་ཡིག་སྒྲོག་འདོན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཚའེ་ཆི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གིས་ཀྲུང་ཧྭ་མི་རིགས་ཀྱི་སྒོ་འབྱེད་དཀྱེལ་ཡངས་དང་མཉམ་སྡུད་མཉམ་གསོག་གི་རིག་གནས་བློ་རྒྱ་དང་། ཀྲུང་ཧྭའི་དཔལ་ཡོན་གྱི་མངོན་པར་གསལ་བའི་ཁྱད་ཆོས་རྒྱས་བཤད་གཏིང་ཟབ་བྱས་ནས་ཀྲུང་གོས་འཛམ་གླིང་དཔལ་ཡོན་གྲོས་འགོ་ལག་བསྟར་བྱ་རྒྱུ་དང་། འཛམ་གླིང་གི་ས་གནས་སོ་སོའི་བར་གྱི་རིག་གནས་བརྗེ་རེས་ལ་ཤུགས་སྣོན་པ། རིག་གནས་དར་རྒྱས་གོང་འཕེལ་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་སྲིད་ཇུས་ཀྱི་འདོད་ཚུལ་གསལ་སྟོན་གནང་ཡོད། ང་ཚོས་རྟེན་འབྲེལ་ཞུ་ཡིག་གི་དགོངས་དོན་ཁྲིད་སྟོན་དུ་བྱས་ཏེ་ཆུ་ཚད་སྔར་ལས་མཐོ་བའི་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དང་། དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་བཟུང་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་གཏིང་ཟབ་རྒྱུན་སྲིང་གི་རིག་གནས་སྟོབས་ཤུགས་སྣོན་དགོས།

ཚའེ་ཆི་ཡིས་ནན་གྱིས་བསྟན་དོན། རང་རྟོན་རང་བརྩོན་རྒྱུན་འཁྱོངས་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་ནས“ཟུང་འབྲེལ་གཉིས”ཀྱི་རྩ་བའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། བསམ་བློའི་རང་བཞིན་དང་སྒྱུ་རྩལ་རང་བཞིན་ཕན་ཚུན་གཅིག་གྱུར་དང་། བརྗོད་དོན་གཙོ་བོ་དང་སྣ་མང་ཅན་ཕན་ཚུན་གཅིག་གྱུར། བརྩམས་ཆོས་སྤུས་དག་སྔར་ལས་མང་བོ་གསར་རྩོམ་དང་ཐོན་སྐྱེད། དུས་རབས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་གསར་གཏོད་བྱེད་པ། དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་གསར་གཏོད་བྱེད་པ།  ཚན་རྩལ་ལ་ཤུགས་སྣོན་པའི་ཁྲོད་གསར་གཏོད་བྱེད་པ། རིག་གནས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། སྒོ་འབྱེད་དཀྱེལ་ཡངས་མཐའ་འཁྱོངས་བྱེད་པ། ཡངས་ཤིང་རྒྱ་ཆེ་བའི་བློ་རྒྱ་ལ་བརྟེན་ནས་རིག་གནས་བརྗེ་རེས་ཀྱི་བཀག་རྒྱ་གཏོར་བ་དང་། རང་ངོས་ཀྱི་དཔལ་ཡོན་དེ་དཔལ་ཡོན་གཞན་དག་དང་ཕན་ཚུན་བརྗེ་རེས་དང་དཔྱད་གཞིར་འཛིན་པའི་ཁྲོད་གསོན་ཤུགས་ཆེན་པོ་རྒྱུན་འཁྱོངས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་རྒྱ་ཁྱབ་ངང་སྤེལ་དགོས།

ཚའེ་ཆི་ཡིས་བསྟན་དོན། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་རང་ངོས་ཀྱི་རིག་གནས་ལངས་ཕྱོགས་བརྟན་སྲུང་དང་མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བཏང་སྟེ་འཛམ་གླིང་རྒྱལ་ཁབ་ཁག་གི་མི་གཞུང་བརྗེ་རེས་དང་། རིག་གནས་མཉམ་འདྲེས། དམངས་སེམས་གཅིག་མཐུན་བཅས་ཀྱི་རྣམ་པ་གསར་བ་ཧུར་ཐག་གིས་གཏོད་རྒྱུ་ཡིན། པེ་ཅིང་གི་རིག་གནས་གླེང་སྟེགས་ལ་གྲུབ་འབྲས་ཐོབ་པ་དང་ཤུགས་རྐྱེན་ཐེབས་ནས་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་པའི་ལས་སྟེགས་རྩེ་གྲ་གཏོད་རྒྱུའི་རེ་བ་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། པེ་ཅིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དབྱིན་ལིས་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐེ་ཉིང་འགོ་རྩོམ་མཛད་སྒོར་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།