ཀྲའོ་ལི་ཅི་ཡིས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2023.09.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས14ཉིན་པེ་ཅིང་དུ་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལོ་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས14ཉིན་པེ་ཅིང་དུ་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལོ་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་ཀྲུང་ཝེའི་འབྲེལ་བས་དུས་རབས་ཕྱེད་ཀ་ཙམ་རིང་གི་རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཆེ་བའི་ཚོད་བགམ་ཐེག་ཡོད། ཁ་སང་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གིས་མཉམ་དུ་ཀྲུང་ཝེའི་འབྲེལ་བ་དེ་དུས་རྣམ་ཀུན་གྱི་འཐབ་ཇུས་རོགས་རེས་འབྲེལ་བར་རིམ་སྤོར་བྱ་རྒྱུ་ཁྱབ་བསྒྲགས་གནང་བ་དེ་ནི་ཀྲུང་ཝེའི་འཐབ་ཇུས་མཉམ་ལས་ཀྱི་ཆུ་ཚད་མཐོ་བའི་མཚོན་ཚུལ་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་དང་མཐུན་ལ། ང་ཚོས་ལག་གདང་སྦྲེལ་ནས་སྔར་ལས་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་ཞིག་གཏོད་པའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་མཚོན་ཡོད་ཅེས་བསྟན། ཀྲའོ་ལི་ཅི་ཡིས་ཀྲུང་གོའི་དབུལ་ཐར་མཁྲེགས་གཏོར་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ངོ་སྤྲོད་གནང་ཞིང་། ཁོང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཝེ་ནེ་ཙུའེ་ལའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་མཉམ་དུ་རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་། ཁྲིམས་འཛུགས་ཉམས་མྱོང་བརྗེ་རེས་བྱས་ཏེ་ཀྲུང་ཝེའི་བར་གྱི་མཛའ་བརྩེ་རྒྱུན་མཐུད་ངང་ཇེ་བརྟན་དུ་བཏང་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།

མཱ་ཏུའུ་ལོ་ཡིས་བསྟན་དོན། ད་ཐེངས་ཀྱི་འཚམས་འདྲི་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན། ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས་ཝེ་ཀྲུང་རྒྱལ་ཁབ་གཉིས་ཀྱི་དུས་རྣམ་ཀུན་གྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཞའོ་ཅེ་ཐུག་འཕྲད་ལ་ཞུགས།

ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལོ་ཟླ9པའི་ཚེས14ཉིན་གྱི་སྔ་དྲོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ།

ཤ་བོ་གསེར་མཚོས་བསྒྱུར།