ལིས་ཆང་གིས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2023.09.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 34

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས14ཉིན་པེ་ཅིང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལོ་ལ་མཇལ་འཕྲད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས14ཉིན་པེ་ཅིང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལོ་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གིས་ཀྲུང་ཝེའི་འབྲེལ་བ་དེ་དུས་རྣམ་ཀུན་གྱི་འཐབ་ཇུས་རོགས་རེས་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཐག་བཅད་པ་དེ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་སྟེང་གི་ལམ་ཚད་རྡོ་རིང་ཞིག་རེད། ཟང་ཟིང་དུ་གྱུར་པའི་རྒྱལ་སྤྱིའི་གནས་བབ་མདུན་དུ་ཀྲུང་ཝེ་རྒྱལ་ཁབ་གཉིས་ཀྱིས་བློ་བརྟན་འགྱུར་མེད་ངང་ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད་པ་དང་། འཐབ་ཇུས་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ། ཉེན་ཁའི་འགྲན་སློང་ལ་ཁ་གཏད་འོས་འཚམ་འཇལ་བ། མཉམ་རྒྱལ་འཕེལ་རྒྱས་སྔར་ལས་ཡག་པོ་ཡོང་བ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོང་བྱེད་པ་དང་། རང་ངོས་ཀྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་འཕེལ་རྒྱས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་གཞུང་བརྗེ་རེས་རྒྱ་ཆེར་གཏོང་བ། ཕྱོགས་མང་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

མཱ་ཏུའུ་ལོ་ཡིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་ལས་རྒྱལ་ཁབ་རང་གི་མི་དམངས་ལ་ཕན་པ་ཐོབ་ཡོད་ལ་འཛམ་གླིང་ཡོངས་ལའང་བདེ་སྐྱིད་བསྐྲུན་ཡོད། ཝེ་ནེ་ཙུའེ་ལ་དང་ཀྲུང་གོས་དུས་རྣམ་ཀུན་གྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་པ་དེ་ནི་འཛམ་གླིང་སྟེང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་ལམ་ཚད་རྡོ་རིང་ལྟ་བུ་ཡིན། ཀྲུང་གོའི་བར་གྱི་དཔལ་འབྱོར་ཚོང་དོན་དང་ཚན་རྩལ། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འོད་སྟོང་འབར་བའི་འབྱུང་འགྱུར་བསྐྲུན་འདོད་ཡོད་ཟེར།

ཤ་བོ་གསེར་མཚོས་བསྒྱུར།