ལིས་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་འགྲེམ་ཚོགས་སྐབས་ཉི་ཤུ་པ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་རྩེ་ཚོགས་ལ་ཞུགས་རྒྱུ་རེད།
2023.09.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཟླ9པའི་ཚེས17ཉིན་ཀོང་ཞི་ནན་ཉིང་དུ་འཚོགས་རྒྱུ་ཡིན་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་འགྲེམ་ཚོགས་སྐབས་ཉི་ཤུ་པ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་རྩེ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུ་ཡིན་པར་མ་ཟད་ཤིས་ཚིག་འབུལ་རྒྱུ་རེད།

ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧུང་མཱ་ནའེ་དང་། ལའོ་ཝའོ་ཡི་ཙུང་ལི་སུང་སའེ། མཱ་ལེ་ཞི་ཡའི་ཙུང་ལི་ཨན་ཝའར། ཡའོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གཞོན་པ་མ་ལུའུ་ཧྥུའུ། ཐེ་གོའི་ཙུང་ལི་གཞོན་པ་དང་ཚོང་ལས་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཕུའུ་ཐན་སོགས་ཕྱི་རྒྱལ་གྱི་འགོ་ཁྲིད་དང་མཐོ་རིམ་དཔོན་རིགས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའོ་ཅིན་ཧུང་བཅས་སྐབས་འདིའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་འགྲེམ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུ་རེད།

ཤ་བོ་གསེར་མཚོས་བསྒྱུར།