ཞི་ཅིན་ཕིང་གིས2023ལོའི་པེ་ཅིང་རིག་གནས་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2023.09.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 19

ཟླ9པའི་ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2023ལོའི་པེ་ཅིང་རིག་གནས་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ལ་དུས་ཡུན་རིང་བོའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཡོད་པ་དང་ ། གནའ་སྔ་མོ་ནས་བཟུང་སྒོ་འབྱེད་དཀྱེལ་ཡངས་དང་མཉམ་སྡུད་མཉམ་གསོག་གི་རིག་གནས་བློ་རྒྱ་ཡོད་ལ། ཀྲུང་ཧྭའི་དཔལ་ཡོན་གྱིས་སྔར་ནས་བཟུང་དཔལ་ཡོན་མི་འདྲ་བའི་བར་ཕན་ཚུན་རྒྱུས་ལོན་དང་བརྩི་འཇོག་བྱེད་པར་བསྔགས་བརྗོད་བྱེད་ཀྱིན་ཡོད། པེ་ཅིང་གི་ལོ་རྒྱུས་ཡུན་རིང་བ་དང་རིག་གནས་ཀྱི་རྒྱུན་རིང་བ་ནི་ཀྲུང་ཧྭའི་དཔལ་ཡོན་གྱི་རྒྱུན་མཐུད་རང་བཞིན་དང་གསར་གཏོད་རང་བཞིན། གཅིག་གྱུར་རང་བཞིན། བསྟུན་མཁས་རང་བཞིན། ཞི་བདེའི་རང་བཞིན་བཅས་ཀྱི་དཔང་རྟགས་ནུས་ལྡན་ཡིན། ཀྲུང་གོའི་པེ་ཅིང་ནི་གནའ་བོའི་གྲོང་ཁྱེར་དང་རྒྱལ་ཡོངས་ཀྱི་རིག་གནས་ལྟེ་གནས་ཡིན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་འཛམ་གླིང་གི་ས་གནས་སོ་སོའི་རིག་གནས་བརྗེ་རེས་ལ་ཤུགས་སྣོན་པ་དང་། རིག་གནས་དར་རྒྱས་གོང་འཕེལ་དང་། རིག་གནས་ཤུལ་བཞག་སྲུང་སྐྱོང་། དཔལ་ཡོན་བརྗེ་རེས་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བ། འཛམ་གླིང་དཔལ་ཡོན་གྲོས་འགོ་ལག་བསྟར་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་རིག་གནས་ཀྱི་སྟོབས་ཤུགས་ནུས་ལྡན་ཁ་སྣོན་བྱེད་རྒྱུ་ཡིན་ཞེས་གསུངས།

2023ལོའི་པེ་ཅིང་རིག་གནས་གླེང་སྟེགས་ཀྱིས“ཕུལ་བྱུང་རིག་གནས་རྒྱུན་འཛིན་བྱས་ནས་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་ལོ་འཁོར་གྱི་བརྗོད་དོན་གཙོ་བོར་བྱས་ཏེ། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་པེ་ཅིང་གྲོང་ཁྱེར་ཏང་ཨུ། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་ཉིན་དེར་པེ་ཅིང་དུ་འགོ་ཚུགས།

ཤ་བོ་གསེར་མཚོས་བསྒྱུར།