ཞི་ཅིན་ཕིང་གིས་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧུང་མ་ནའེ་ལ་འཇལ་འཕྲད་གནང་།
2023.09.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧུང་མ་ནའེ་ལ་འཇལ་འཕྲད་གནང་།

ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧུང་མ་ནའེ་ལ་འཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཧུང་མ་ནའེ་ཡིས་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་རྗེས་ཀྲུང་གོ་འཚམས་འདྲི་བྱེད་ཡུལ་གྱི་རྒྱལ་ཁབ་དང་པོར་བདམས་པ་དེས། ཁམ་ཕུ་ཀྲེའི་སྐབས་གསར་བའི་སྲིད་གཞུང་གིས་རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་སྲ་བརྟན་དང་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེད་བྱེད་པ་མངོན་པར་མཚོན་ཡོད། ཀྲུང་གོ་དང་ཁམ་ཕུ་ཀྲེ་ནི་བློས་ཐུབ་གྲོགས་པོ་ཡིན། འབྲེལ་བ་བཙུགས་པའི་ལོ་ངོ་རེ་དྲུག་རིང་། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བར་ཚད་མཐོའི་ཡིད་ཆེས་དང་། འདྲ་མཉམ་གྱི་ལྟ་སྟངས་བཟུང་ལ། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཉིས་ཀྱིས་རང་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པར་ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱིན་ཡོད་པས། དེ་ཀྲུང་གོ་དང་ཁམ་ཕུ་ཀྲེ་གཉིས་ཀྱི་ལས་སྐལ་ཐུན་མོང་ཚོགས་པའི་སྲོག་ཤིང་ལྟེ་བར་གྱུར་ཡོད། ད་ལོར། ཕྱོགས་གཉིས་ཀྱིས་སྤུས་ཚད་མཐོན་པོ་དང་། ཆུ་ཚད་མཐོན་པོ། ཚད་གཞི་མཐོན་པོ་བཅས་ཀྱི་ཀྲུང་གོ་དང་ཁམ་ཕུ་ཀྲེ་ཡི་ལས་སྐལ་ཐུན་མོང་ཚོགས་པ་བསྐྲུན་པའི་དུས་རབས་གསར་བར་བསྐྱོད་མགོ་བརྩམས། ཀྲུང་གོ་ཕྱོགས་ཁམ་ཕུ་ཀྲེ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་བསྐྲུན་ཤུགས་ཇེ་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་རྒྱུར་འཐད་པ་ཡིན་ལ། མཉམ་དུ་ལག་རྡང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་བསྐྲུན་པའི་དཔེ་མཚོན་དུ་འགྱུར་བའི་རེ་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཁམ་ཕུ་ཀྲེ་ཡིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཁམ་ཕུ་ཀྲེ་དང་མཉམ་དུ་རྒྱུན་རྣམ་ཅན་གྱི་འཐབ་ཇུས་མཐུན་སྦྱོར་སྲུང་འཛིན་དང་། རྒྱལ་སྲིད་སྐྱོང་བའི་ཉམས་མྱོང་བརྗེ་རེས་ཇེ་ཟབ་ཏུ་གཏོང་རྒྱུར་འཐད་པ་ཡིན། ཕྱོགས་གཉིས་ཀྱིས་སྲིད་གཞུང་བར་གྱི་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་རྐྱེན་སྲོལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྣམ་པ་གསར་བའི་ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་ལས་སྐལ་ཐུན་མོང་ཚོགས་པའི་འགུལ་སྐྱོད་འཆར་གཞི་དངོས་འབེབས་བཟང་བོ་བྱེད་པ་དང་། བཟོ་ལས་འཕེལ་རྒྱས་བར་ཁྱམས་སོགས་མཉམ་སྐྲུན་བྱས་ནས། འབྲེལ་ཡོད་གཙོ་གནད་མཉམ་ལས་ལས་གཞི་སྔ་མོ་ནས་ལེགས་འགྲུབ་འབྱུང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཁམ་ཕུ་ཀྲེ་ཕྱོགས་དང་མཉམ་དུ་རྒྱུན་རྣམ་ཅན་གྱི་ཁྲིམས་འཛིན་བདེ་འཇགས་མཉམ་ལས་བྱ་བ་སྤེལ་ནས། དྲ་རྒྱའི་རྒྱན་འཇོག་དང་གློག་འཕྲིན་མགོ་སྐོར་སོགས་ཡུལ་ཁོངས་བརྒལ་བའི་ནག་ཉེས་ལ་རྡུང་རྡེག་གཏོང་རྒྱུར་འཐད་པ་ཡིན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ཁམ་ཕུ་ཀྲེ་ཡི་མཛའ་མཐུན་ལོའི་མུ་འབྲེལ་བྱ་འགུལ་ལེགས་པོར་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་ན་གཞོན་དང་། ས་གནས། སློབ་གསོ། ཡུལ་སྐོར། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་བདེ་སྐྱིད་བསྐྲུན་དགོས།

ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཁམ་ཕུ་ཀྲེ་ཡི་དབུ་བཞུགས་བློན་ཆེན་ཧུང་མ་ནའེ་ལ་འཇལ་འཕྲད་གནང་།

ཧུང་མ་ནའེ་ཡིས་བཤད་རྒྱུར། ངས་ཀྲུང་གོ་རྒྱལ་ཁབ་འཚམས་འདྲི་བྱེད་ཡུལ་དང་པོར་བདམས་པ་ལས། ཁམ་ཕུ་ཀྲེ་ཡི་སྐབས་གསར་བའི་སྲིད་གཞུང་གིས་མུ་མཐུད་དུ་ཀྲུང་གོའི་བར་གྱི་མཛའ་མཐུན་སྲིད་ཇུས་ལག་བསྟར་བྱེད་པ་མཚོན་ལ། བློས་ཐུབ་ཀྱི་གྲོགས་པོའི་མཛའ་བརྩེ་སྔར་ལས་དར་སྤེལ་གཏོང་ཆེད་ཡིན། ཁམ་ཕུ་ཀྲེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱེད་པ་དང་། ཀྲུང་གོས་རང་གི་སྲོག་ཤིང་ཁེ་ཕན་ལ་སྲུང་སྐྱོང་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་འཕེལ་རྒྱས་གྲོས་འགོ་དང་། འཛམ་གླིང་བདེ་འཇགས་གྲོས་གཞི། འཛམ་གླིང་དཔལ་ཡོན་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོས་དུས་ཡུན་རིང་བོར་ཁམ་ཕུ་ཀྲེ་ཡི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱབ་སྐྱོར་ཆེན་པོ་དང་རོགས་རམ་གནང་བར་བཀའ་དྲིན་ཞུ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དངོས་འབེབས་བྱེད་རྒྱུར་འཐད་པ་ཡིན་ལ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཕྱོགས་དྲུག་གི་མཉམ་ལས་སྒྲོམ་གཞིའི་འོག   རྒྱལ་ཁབ་གཉིས་ཀྱི་བཟོ་ལས་དང་། ཞིང་ལས། དངུལ་གཏོང་། མི་ཆོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་བསྐྲུན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་གཞོགས་འདེགས་དམ་ཟབ་བྱས་ཏེ། ཁམ་ཕུ་ཀྲེ་དང་ཀྲུང་གོའི་འབྲེལ་བ་མཐོ་ཚད་གསར་བར་སླེབས་པའི་རེ་ལྟོས་ཡོད་ཟེར།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

                                                                                                        རིག་འཛིན་སྒྲོལ་མས་བསྒྱུར།