ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅོ་ལྔ་ཉིན་མཚོ་འགག་འགྲམ་གཉིས་ཀྱི་ན་གཞོན་འཕེལ་རྒྱས་གླེང་སྟེགས་སྐབས་དྲུག་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
ཞི་ཅིན་ཕིང་གིས་བསྟན་དོན། ན་གཞོན་ནི་རྒྱལ་ཁབ་ཀྱི་རེ་བ་དང་མི་རིགས་ཀྱི་མ་འོངས་པ་ཡིན། མཚོ་འགག་འགྲམ་གཉིས་ཀྱི་ན་གཞོན་གླེང་སྟེགས་ཀྱིས་མཚོ་འགག་འགྲམ་གཉིས་ཀྱི་ན་གཞོན་དག་གི་འབྲེལ་འདྲིས་བརྗེ་རེས་དང་ཕན་ཚུན་སློབ་སྦྱོང་བྱེད་པར་སྟེགས་བུ་གལ་ཆེན་ཞིག་བསྐྲུན་ཡོད། སྔར་ལས་མང་བའི་མཚོ་འགག་འགྲམ་གཉིས་ཀྱི་ན་གཞོན་དག་གླེང་སྟེགས་དེ་བརྒྱུད་ནས་བློ་སེམས་གཅིག་མཐུན་དང་དཀའ་སྤྱད་འབད་བརྩོན་བྱེད་པའི་གྲོགས་པོ་བཟང་བོར་གྱུར་ནས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བ་དང་མེས་རྒྱལ་གྱི་གཅིག་གྱུར་ལས་དོན་ཆེན་མོར་སྐུལ་འདེད་གཏོང་བའི་ཆེད་དུ་ལང་ཚོའི་སྟོབས་ཤུགས་འབུལ་བའི་རེ་བ་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་ནི་ཀྲུང་ཧྭའི་བུ་དང་བུ་མོའི་ཐུན་མོང་གི་རེ་འདུན་ཡིན། མཚོ་འགག་འགྲམ་གཉིས་ཀྱི་ན་གཞོན་དག་ལྷན་འཛོམས་བྱུང་ནས་འཇོན་ནུས་ངོམས་པའི་གར་སྟེགས་ཧ་ཅང་རྒྱ་ཆེ་ལ། ཕུགས་འདུན་མངོན་འགྱུར་བྱེད་པའི་མདུན་ལྗོངས་འོད་སྟོང་ལྡན་པ་ཡོད། ང་ཚོས་ཐེ་ཝན་གྱི་ན་གཞོན་དག་སྐམ་ས་ཆེན་མོར་ཡོང་ནས་ཕུགས་འདུན་འཚོལ་སྙེག་དང་རེ་སྨོན་འགྲུབ་པར་བྱེད་པར་དགའ་བསུ་བྱེད་བཞིན་ཡོད། མཚོ་འགག་འགྲམ་གཉིས་ཀྱི་ན་གཞོན་དག་གིས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་མོ་དམ་འཛིན་བྱས་ཤིང་། མི་རིགས་རིང་ལུགས་བརྟན་སྲུང་དང་རྒྱལ་ཁབ་ཀྱི་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པ་དང་། བློ་སྤོབས་ཆེན་མོས་དུས་རབས་ཀྱི་ལས་འགན་ལྗིད་མོ་ཁུར་དུ་བླངས་ཏེ། བློ་བརྟན་འགྱུར་མེད་ཀྱིས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་ཞི་བའི་འཕེལ་རྒྱས་ཀྱི་ཡང་དག་པའི་བགྲོད་ལམ་དུ་ཞུགས་ནས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་མདུན་ལྗོངས་དང་ལས་དབང་དེ་མཚོ་འགག་འགྲམ་གཉིས་ཀྱི་ཀྲུང་གོ་བའི་ལག་ཏུ་དམ་པོར་འཛིན་དགོས་པའི་ཐུགས་རེ་བཏོན། མཚོ་འགག་འགྲམ་གཉིས་ཀྱི་ན་གཞོན་འཕེལ་རྒྱས་གླེང་སྟེགས་སྐབས་དྲུག་པས་སེམས་ཤུགས་གཅིག་སྒྲིལ་གྱིས་ཨེ་ཤ་ཡཱའི་ལུས་རྩལ་འགྲན་ཚོགས་བསུས་ནས་ལག་རྡང་སྦྲེལ་ཏེ་ཇུས་གཞི་གསར་བ་མཉམ་འདོན་བྱེད་པ་བརྗོད་སྙིང་དུ་བྱས་ཡོད་ལ། ཚེས་བཅོ་ལྔ་ཉིན་ཀྲེ་ཅང་ཧང་ཀྲིག་ནས་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོ་དང་གླེང་སྟེགས་གཙོ་བོ་སྤེལ་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།
习近平向第六届海峡两岸青年发展论坛致贺信
央视网消息(新闻联播):中共中央总书记、国家主席习近平15日向第六届海峡两岸青年发展论坛致贺信。
习近平指出,青年是国家的希望、民族的未来。海峡两岸青年发展论坛为两岸青年交流交心、互学互鉴提供了重要平台。希望更多两岸青年通过论坛成为同心同行、携手打拼的好朋友好伙伴,为推动两岸关系和平发展、推进祖国统一大业不断贡献青春力量。
习近平强调,实现中华民族伟大复兴是全体中华儿女的共同夙愿。两岸青年生逢其时,施展才干的舞台无比广阔,实现梦想的前景无比光明。我们欢迎台湾青年来大陆追梦、筑梦、圆梦。希望两岸青年把握历史大势,坚守民族大义,维护国家统一,勇担时代重任,坚定走两岸关系和平发展正确道路,把两岸关系发展的前途命运牢牢掌握在两岸中国人手中。
第六届海峡两岸青年发展论坛以“同心合力迎亚运,携手共绘新蓝图”为主题,15日在浙江杭州举办论坛开幕会暨主论坛。