ཟི་ལིང་གྲོང་ཁྱེར་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བསྡུས།
2023.09.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་དགུ་པའི་ཚེས་བཅུ་དྲུག་ཉིན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས། གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི། གྲོང་ཁྱེར་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཝེ་ཏུང་གིས་སྐུལ་སློང་གཏམ་བཤད་བྱས་ནས་ནན་གྱིས་བསྟན་དོན། གཅིག་བསྡུས་སློབ་སྦྱོང་བརྒྱུད་དེ། ཕྱོགས་ཡོངས་དང་ཆ་ཚང་བའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། བརྗོད་དོན་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་པ། དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ། བསླབ་ནས་བློ་སྦྱོང་བསྐྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བའི་ཕྱོགས་ནས་གྲུབ་འབྲས་ལེན་ཐུབ་པར་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་བརྗོད་དོན་སློབ་གསོ་སྤེལ་བའི་ཐད་ནས་དཔེ་སྟོན་དང་མིག་དཔེ་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྣེ་ཁྲིད་བྱེད་དགོས།

ཟི་ལིང་གྲོང་ཁྱེར་གྱི་ཧྲི་ཀྲང་། གྲོང་ཁྱེར་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་དང་པོ་གཞོན་པ་ཧྲི་ཅན་ཕིང་གིས་འཛིན་གྲྭ་བསྒྲུབ་པའི་མཛད་སྒོར་མགོ་འཛིན་བྱས་པར་མ་ཟད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཞི་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཆེན་གྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལྟ་སྐུལ་ཚན་ཆུང་གི་ཚན་གཙོ་ཀྲའོ་ཡུང་ཞང་དང་། ཚན་གཙོ་གཞོན་པ་ཁྲིན་ལེང་གཉིས་གྲོས་ཚོགས་ལ་ཞུགས་ནས་མཛུབ་སྟོན་བྱས།

ཝང་ཝེ་ཏུང་གིས་བསྟན་དོན། ཐེངས་འདིའི་དཔེ་ཀློག་འཛིན་གྲྭ་བསྡུས་པ་ནི། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལག་བསྟར་བྱེད་པའི་བྱ་སྤྱོད་དངོས་དང་། གྲོང་ཁྱེར་ཡོངས་ཀྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་འགོ་ཁྲིད་ལས་བྱེད་པས་ཏང་གི་གསར་གཏོད་གཞུང་ལུགས་བཀོལ་ནས་གནད་དོན་དངོས་ཐག་གཅོད་པའི་ནུས་པ་མཐོར་འདེགས་གཏོང་བའི་མངོན་སུམ་གྱི་དགོས་མཁོ་ཡིན་པས། ཞིང་ཆེན་གྱི་བརྗོད་དོན་སློབ་གསོ་དཔེ་ཀློག་འཛིན་གྲྭའི་ཉམས་མྱོང་སློབ་སྦྱོང་དང་དཔེ་ལྟ་བྱེད་པ་དང་། ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་པ་དང་གཙོར་བཟུང་ནས་སློབ་སྦྱོང་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ། ཅི་ཞིག་སྒྲུབ་ན་གཙོ་བོར་དེ་སློབ་སྦྱོང་བྱེད་པ་དང་། ཅི་ཞིག་དཀོན་ན་གཙོ་བོར་ཅི་ཞིག་ཁ་གསབ་བྱེད་པ་འབུར་དུ་ཐོན་པར་བྱེད་པ། བསམ་བློའི་ངོས་ཟིན་སྔར་ལས་ཇེ་མཐོར་གཏོང་བ་དང་གཞུང་ལུགས་སློབ་སྦྱོང་སྔར་ལས་ཇེ་ཟབ་ཏུ་གཏོང་བ། སློབ་སྤྱོད་ཟུང་འབྲེལ་བྱས་ནས་སྔར་ལས་རྒྱ་བསྐྱེད་པའི་སྟེང་ཤུགས་འདོན་པ། གཏན་ཁེལ་བྱ་སྤྱོད་མི་འགྱུར་བ་དང་རང་འདེམ་བྱ་སྤྱོད་ཐད་ནས་ཁྱད་ཆོས་ལྡན་པར་ཁག་ཐེག་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དང་བསམ་གཞིགས། མྱོང་ཚོར་འགན་འཁྲི་ཕྲག་ཏུ་ལེན་པའི་བསམ་ཕྱོགས་བྱེད་ཐབས་དང་བདེན་འཛིན་དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བསྒྱུར་དགོས།

ཝང་ཝེ་ཏུང་གིས་ནན་གྱིས་བསྟན་དོན། སློབ་སྦྱོང་དམ་འཛིན་བྱེད་རྒྱུ་ནི་ཏང་ཡོན་གྱིས་ངེས་པར་དུ་ལག་བསྟར་བྱེད་དགོས་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་འོས་འགན་ཡིན་ལ། འགན་འཁྲི་ཁྱེར་ནས་སློབ་སྦྱོང་བྱེད་པ་དང་ལས་འགན་ཁྱེར་ནས་སློབ་སྦྱོང་བྱས་ཏེ། བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བའི་ཕྱོགས་ནས་གྲུབ་འབྲས་ལེན་ཐུབ་པར་བྱེད་དགོས། སློབ་སྦྱོང་དམ་འཛིན་བྱེད་རྒྱུ་ནི་བྱ་བ་བཟང་བོར་བསྒྲུབ་པའི་མངོན་སུམ་གྱི་དགོས་མཁོ་ཡིན་པ་དང་། འཕེལ་རྒྱས་ཀྱི་དགོས་མཁོ་དང་ལས་རྐང་གི་དགོས་མཁོ། མང་ཚོགས་ཀྱི་དགོས་མཁོ་ཚད་གཞིར་བཟུང་ནས་སློབ་སྦྱོང་གི་རང་འགུལ་རང་བཞིན་ཇེ་དྲག་ཏུ་བཏང་ནས། བསླབ་ནས་ལས་ལ་སྐུལ་བའི་ཁྲོད་བསམ་བློའི་སྤྱོད་ཚུལ་དང་ནུས་པ་བྱང་ཚད། འདུ་ཤེས་བསྒྱུར་བ་དང་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས། སློབ་སྦྱོང་དམ་འཛིན་བྱེད་རྒྱུ་ནི་གནད་དོན་དངོས་ཐག་གཅོད་པའི་གནད་འགག་གི་ལམ་བུ་ཡིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྲོད་བསམ་ཕྱོགས་དང་བྱེད་ཐབས་འཚོལ་བ་རྒྱུན་འཁྱོངས་བྱེད་པ། དེའི་ཁྲོད་ཁྱབ་པའི་ལངས་ཕྱོགས་ལྟ་བ་དང་བྱེད་ཐབས་བཀོལ་ནས་མངོན་སུམ་གྱི་གནད་དོན་ལ་དབྱེ་ཞིབ་བྱེད་པ་དང་ཐག་བཅད་དེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ། ཉེན་ཁ་ཐག་གཅོད་པའི་ནུས་པ་ཇེ་ཆེར་གཏོང་དགོས། གཅིག་བསྡུས་སློབ་སྦྱོང་གི་གོ་སྐབས་བཟང་བོ་གཅེས་སྤྲས་བྱེད་པ་དང་། སེམས་རྣལ་ལ་ཕབ་ནས་སློབ་སྦྱོང་བྱེད་པ། གནས་ཚུལ་དངོས་ལ་འབྲེལ་འདྲིས་བྱས་ནས། དཔེ་ཀློག་སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་བ་སྔོན་དུ་བསྐྱོད་པ་དང་མིག་དཔེ་བྱེད་པའི་བསམ་ཕྱོགས་བྱེད་ཐབས་དང་གྲུབ་འབྲས་དངོས་ལ་བསྒྱུར་དགོས།

རིན་ཆེན་མཚོས་བསྒྱུར།