ཞིང་ཆེན་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་དང་འཕྲིན་བཅར་གནད་དོན་གྱི་འབྱུང་རྩ་བཅོས་སྐྱོང་བྱ་བའི་སྐུལ་འདེད་གྲོས་ཚོགས་བསྡུས། 
2023.09.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན།   ཞིང་ཆེན་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་དང་འཕྲིན་བཅར་གནད་དོན་གྱི་འབྱུང་རྩ་བཅོས་སྐྱོང་བྱ་བའི་སྐུལ་འདེད་གྲོས་ཚོགས་བསྡུས།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱང་ཧྥ་སིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།    ཧྲིན་ཀྲང་གཞོན་པ།   ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིས་ཧུང་ཡ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན།   འཕྲིན་བཅར་བྱ་བའི་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ངོ་བོའི་བླང་བྱ་ཡིན་ལ།   ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཁྲིམས་སྐྱོང་བྱ་བའི་ཁྲོད་ཀྱི་བྱེ་བྲག་གི་འཁོར་སྐྱོད་ཀྱང་ཡིན།   ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ།   གཏན་ཕབ་གཉིས་ལ་སྲུང་སྐྱོབ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ།  འཕྲིན་བཅར་བྱ་བའི་སྲོལ་ཡིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ།   འཕྲིན་བཅར་བྱ་བའི་ཁྲིམས་སྐྱོང་ཅན་གྱིས་འཕྲིན་བཅར་གནད་དོན་གྱི་འབྱུང་རྩ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྟོབས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན།   བསམ་བློའི་འབྱུང་རྩ་དང་གཞི་རིམ་གྱི་འབྱུང་རྩ།   འབྱུང་རྩ་ཐག་གཅོད།   འགན་འཁྲིའི་འབྱུང་རྩ་བཅས་ལ་དམ་པོར་དམིགས་ཏེ་དུས་རབས་གསར་བའི་ཧྥིན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་།   ཕུའུ་ཅང་ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་བཟང་བོ་བྱེད་པ།   འཕྲིན་བཅར་བྱ་བའི་སྔོན་དཔག་ཁྲིམས་སྐྱོང་ཅན་དང་བདག་སྤྲོད་ཁྲིམས་སྐྱོང་ཅན།   སྒྲུབ་གཉེར་ཁྲིམས་སྐྱོང་ཅན།   ལྟ་སྐུལ་དོ་དམ་དང་འགན་འདྲི་ཁྲིམས་སྐྱོང་ཅན།   སྒྲིག་ལམ་སྲུང་སྐྱོབ་ཁྲིམས་སྐྱོང་ཅན་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་སྟེ་འཕྲིན་བཅར་བྱ་བ་ཕྱོགས་ཡོངས་ནས་ཁྲིམས་སྐྱོང་ཅན་གྱི་བྱ་བའི་ཁྲོད་འདྲེས་པར་བྱེད་པ།   ཁྲིམས་ལྟར་མང་ཚོགས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་དང་འཕྲིན་བཅར་སྒྲིག་ལམ་ཚད་ལྡན་དུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས།

གྲོས་ཚོགས་བརྙན་རིས་ཀྱི་རྣམ་པ་བརྒྱུད་དེ་རྫོང་རིམ་པའི་བར་དུ་བསྡུས་པ་དང་།   རིམ་པ་སོ་སོའི་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚོགས་འདུ་བསྡུ་མཁན་དང་མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་གཏོགས་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་དེ་མིན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ་བཅས་སོ་སོར་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་ནས་གྲོས་ཚོགས་ལ་ཞུགས།

                                                                                                          ལྷ་མོ་ཚེ་རིང་གིས་བསྒྱུར།