ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས།
2023.09.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་དགུ་པའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་ཞིབ་འཇུག་ལྟེ་གནས་ཀྱི་དྲུང་ཡིག་ཆེན་མོ། ཀྲུང་གོའི་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་གླིང་གི་གླིང་གཙོ་ཁྲིན་པོ་ཡིས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པར་དམིགས་ནས་ཆེད་དོན་ཟུར་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས།

ཁྲིན་པོ་ཡིས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་ངོ་བོ་དང་གོ་དོན། གཞུང་ལུགས་རང་གཤིས་དང་རླབས་ཆེན་ལག་ལེན་བཅས་ལ་སློབ་སྦྱོང་བྱས་ཏེ་རྒྱུས་ལོན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཕྱི་འབྲེལ་ཁྱབ་ཁོངས་སུ་བཞག་པའི་གསར་གཏོད་རང་བཞིན་གྱི་བྱས་རྗེས་ལ་ངོས་འཛིན་ཟབ་མོ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་ལ་གོ་བ་ཡང་དག་ལེན་པ། རྒྱལ་སྤྱིའི་གནས་བབ་ཀྱི་འགྱུར་ལྡོག་ཆོས་ཉིད་སོགས་ལ་ངོས་འཛིན་གང་ལེགས་བྱེད་སོགས་ཕྱོགས་ནས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པར་འགྲེལ་བཤད་གསལ་བོ་དང་འགྲེལ་ཀློག་ཟབ་མོ་བྱས།

ཁྲིན་ཀང་གིས་མགོ་འཛིན་བྱེད་སྐབས་བསྟན་དོན། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པས་འཛམ་གླིང་ཡོངས་ཀྱི་གནད་དོན་གལ་ཆེན་ཐག་གཅོད་ཆེད་ཀྲུང་གོའི་རིག་སྟོབས་ཕུལ་བ་དང་ཀྲུང་གོའི་ཇུས་གཞི་བཏོན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་འཛིན་རྒྱ་ཆེར་ཐོབ་ཡོད། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་ལོ་རྒྱུས་ཀྱི་གཏན་ཚིགས་དང་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་ལ་རྒྱུས་ལོན་སྔར་ལས་ཟབ་མོ་བྱེད་པ་དང་། སྔར་ལས་རང་རྟོགས་སྒོས་ཏང་གི་གསར་གཏོད་གཞུང་ལུགས་སྤྱད་དེ་བསམ་བློ་གཅིག་གྱུར་དང་བློ་རྩ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བྱེད་དགོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་དུ་ལོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ཡིད་ལ་དམ་པོར་འཛིན་པ་དང་། ཏན་ཏན་ཏིག་ཏིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ། ཞིང་ཆེན་གྱི་གནས་ཚུལ་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ། མཚོ་སྔོན་གྱི་ས་གནས་དགེ་མཚན་དང་ཐོན་ཁུངས་ནུས་ཁུངས་དགེ་མཚན། ཐོན་ལས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱས་ཏེ། སའི་གོ་ལའི་སྣེ་གསུམ་པར་སྲུང་སྐྱོབ་བྱེད་པ་དང་ལྗང་མདོག་ཐཱན་དམའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་པའི་ཁྲོད་མཚོ་སྔོན་གྱི་གྲུབ་འབྲས་མངོན་པར་བྱེད་དགོས།

ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱི་ཏང་ཙུའུ་དང་ཏང་ཨུ་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་སློབ་སྦྱོང་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།