《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་དགོས་པའི་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས》ཞེས་པའི་ཨ་རབ་ཀྱི་ཡི་གེ་སོགས་ཕྱི་ཡིག་སྣ་དྲུག་གི་པར་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས།
2023.09.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་དགོས་པའི་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས》ཞེས་པའི་ཨ་རབ་ཀྱི་ཡི་གེ་དང་ཕུའུ་ཐའོ་ཡའི་ཡི་གེ། འཇར་མན་གྱི་ཡི་གེ། སི་ཝ་ཞི་ལིའི་ཡི་གེ། ཝུའུ་ཨར་ཏུའུ་ཡི་ཡི་གེ། ཡོ་ནན་གྱི་ཡི་གེ་བཅས་ཡིག་རིགས་དྲུག་གི་པར་གཞི་ཉེ་ལམ། ཕྱི་ཡིག་དཔེ་སྐྲུན་ཁང་གིས་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས།

《ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་དགོས་པའི་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས》ནི་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པ་དང་། དེབ་དེ་ཁྱོན་བསྡོམས་ཆེད་དོན་དགུ་རུ་དགར་ཡོད་ཅིང་། དེབ་དེས་བློ་མཐུན་ཞི་ཅིན་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་རྒྱུར་དམ་དུ་དམིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་མ་ལག་ཆ་ཚང་བའི་སྒོ་ནས་བསྡུ་ལེན་བྱས་ཡོད།  ད་ཐེངས་ཨ་རབ་ཀྱི་ཡི་གེ་སོགས་ཡིག་རིགས་དྲུག་གི་པར་གཞི་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས། ཕྱི་རྒྱལ་གྱི་ཀློག་པ་པོས་ཞི་ཅིན་ཕིང་གི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་ནང་སྙིང་ཕུན་སུམ་ཚོགས་པར་གོ་བ་གཏིང་ཟབ་ལེན་རྒྱུ་དང་། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་པའི་རླབས་ཆེན་ལག་ལེན་དང་དེ་བཞིན་འཛམ་གླིང་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་འཇོག་པའི་ཀྲུང་གོའི་ཇུས་གཞིར་རྒྱུས་ལོན་གཏིང་ཟབ་བྱས་ཏེ། དེང་རབས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ལྟ་བའི་འགུག་ཤུགས་དང་ཤུགས་རྐྱེན་མངོན་སུམ་གྱིས་ཆེ་རུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན།

བན་དེ་སྐྱབས་ཀྱིས་བསྒྱུར།