ཟླ་དགུ་པའི་ཚེས་ཉེར་གཅིག་ཉིན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་བཅུ་གསུམ་པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཉི་མ་སྒྲོལ་མ་དང་ལོས་ཀང་། ཁྲིན་ཏུང་ཁྲང་སོགས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་སྐུལ་འདེད་སྲོལ་ཡིག་འཆར་ཟིན་གྱི་ཐེངས་གསུམ་པར་གྲོས་ཞིབ་བྱས་པའི་མ་ཡིག་དང་། འཆར་ཟིན་གྱི་ཐེངས་གཉིས་པར་གྲོས་ཞིབ་བྱས་པའི་མ་ཡིག་བཟོ་བཅོས་གནས་ཚུལ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་འབྲེལ་བའི་འཛུགས་སྐྲུན་ལས་གཞིའི་དོ་དམ་སྲོལ་ཡིག་གི་འཆར་ཟིན་བཟོ་བཅོས་མ་ཡིག་དང་འཆར་ཟིན་བཟོ་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་གྱི་དངོས་ཟོང་སྐྱེལ་འདྲེན་རླངས་འཁོར་གྱི་ཐེག་ཚད་དང་མྱུར་ཚད་ལས་བརྒལ་བར་བཅོས་སྐྱོང་བྱེད་པའི་སྲོལ་ཡིག་འཆར་ཟིན་གྱི་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་དབང་རྒྱུ་ནོར་དོ་དམ་ལྟ་སྐུལ་ལ་ཤུགས་སྣོན་པའི་སྐོར་གྱི་ཆོད་དོན་འཆར་ཟིན། མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་གྱི་དྲག་སྤྱོད་ལ་རྒོལ་བའི་སྲོལ་ཡིག་འཆར་ཟིན་རྩོམ་འབྲི་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན་པ་དང་། ཟི་ལིང་གྲོང་ཁྱེར་གྱི་མེ་འགོག་མེ་གསོད་སྲོལ་ཡིག་ལ་གྲོས་ཞིབ་བྱེད་པའི་སྐོར་གྱི་བཟོ་བཅོས་འཆར་ཟིན་དང་། མཚོ་ཤར་གྲོང་ཁྱེར་གྱི་རྒྱལ་གཅེས་འཕྲོད་བསྟེན་བྱ་བའི་སྲོལ་ཡིག མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འགྱིག་རིགས་ཐོན་རྫས་བཀོལ་མི་ཆོག་པའི་དོ་དམ་སྲོལ་ཡིག ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྲོལ་རྒྱུན་གྲོང་སྡེའི་སྲུང་སྐྱོབ་སྲོལ་ཡིག་གི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་གྱི་ཕྱོགས་བསྡུས་སྙན་ཞུ་དང་ས་གནས་དངུལ་ལོར་ཁེ་ལས་ཀྱི་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་ལ་གྲོས་ཞིབ་བྱེད་པའི་སྐོར་གྱི་ཆེད་དོན་སྙན་ཞུ། ཞིང་ཆེན་མི་དམངས་སྲིད་གཞུང་གི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱེད་པའི་བྱ་བའི་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ། དེ་མིན་འབྲེལ་ཡོད་བྱ་བར་ཆེད་དོན་བློ་འདྲི་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན། ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་ཡོངས་ཀྱི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་གྱི་བྱ་བའི་སྙན་ཞུའི་གྲོས་ཞིབ་བསམ་འཆར་དང་ཆེད་དོན་བློ་འདྲིའི་དམ་བཅའི་ནང་དོན་ལེགས་བཅོས་དངོས་འབེབས་བྱས་པའི་རྟོག་ཞིབ་སྙན་ཞུའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གིས་བརླན་སའི་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག་དང་། ནར་སོན་མེད་པའི་མིའི་བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག་གི་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་སྙན་ཞུར་གྲོས་ཞིབ་བྱེད་པའི་སྐོར་གྱི་སྙན་ཞུར་ཉན། ཞིང་ཆེན་དམངས་ཆེན་འཐུས་མིའི་གྲོས་གཞི་ཐག་གཅོད་ལྟ་རྟོག་བྱས་པའི་གནས་ཚུལ་སྙན་ཞུར་གྲོས་ཞིབ་བྱེད་པའི་སྐོར་གྱི་སྙན་ཞུར་ཉན་པ་དང་། མི་དོན་བསྐོ་འཐེན་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པར་མ་ཟད། ཀྲུའུ་རིན་གྲོས་ཚོགས་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་ཡིད་འཐད་བྱུང་།
གྲོས་ཚོགས་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་ཉིན་རིམ་འཆར་ཟིན་སྐོར་གྱི་སྙན་ཞུར་ཉན་པ་དང་། ཀྲུའུ་རིན་གྲོས་ཚོགས་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་སྤྲད་ནས་གྲོས་མཐུན་འགོད་དུ་འཇུག་པར་ཡིད་འཐད་བྱུང་།
གྲོས་ཚོགས་ནས་ད་རུང་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚད་ལྡན་ཅན་གྱི་ཡིག་ཆའི་གྲབས་གསོག་ཞིབ་བཤེར་བྱ་བའི་སྒྲིག་ལམ་འཆར་ཟིན་གྱི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། ཀྲུའུ་རིན་གྲོས་ཚོགས་ནས་རྩ་བའི་ཐོག་ནས་ཡིད་འཐད་བྱུང་བར་མ་ཟད། ལས་རིམ་ལྟར་གྲོས་ཞིབ་བྱས་རྗེས་ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་གཞུང་སྒྲུབ་ཁང་ལ་སྤྲོད་རྒྱུའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།