མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་སྔ་གཞུག་ཏུ་བསྡུས།
2023.09.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་གཞུག་ཏུ་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རེ་བ་ལག་བསྟར་བྱས་ལ། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་ལ་ཤུགས་སྣོན་པའི་རེ་བ་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་བརྗོད་དོན་གྱི་གཙོ་ཐིག་ཏུ་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཏང་གི་གསར་གཏོད་གཞུང་ལུགས་སྤྱད་དེ་སེམས་ཤུགས་གཅིག་ཏུ་བསྒྲིལ་བ་དང་རྨང་གཞི་ཇེ་བརྟན་དུ་གཏོང་བ། སྲིད་གཞུང་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་དབང་ཆའི་ལྟ་བ་དང་ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ། ལས་དོན་ལྟ་བ་ཡང་དག་འཛུགས་པར་སྣེ་ཁྲིད་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ། ཉེན་ཁ་འགོག་སྲུང་དང་ཐག་གཅོད་པའི་འཇོན་ཐང་ཇེ་དྲག་ཏུ་གཏོང་དགོས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་དུས་རབས་གསར་བའི་ནང་ཤར་བྱང་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་སྐབས་དང་ཧེ་ལུང་ཅང་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ལས་འགན་གཙོ་བོ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་པའི་འཐབ་ཇུས་ལས་འགན་ཁོང་དུ་ཆུད་པར་བྱེད་པ་དང་། དེང་རབས་ཅན་གྱི་ཞིང་ལས་ཆེན་པོ་འཕེལ་རྒྱས་སུ་གཏོང་རྒྱུ་གཙོ་རྒོལ་ཁ་ཕྱོགས་སུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དགེ་མཚན་གསར་བ་བསྐྲུན་པ་རྒྱུན་འཁྱོངས་བྱེད་པ། མི་གྲངས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཤུགས་སྣོན་པ། ཆབ་སྲིད་ཀྱི་སྐྱེ་ཁམས་ལེགས་བསྒྱུར་བྱས་ནས། དམངས་གཉེར་དཔལ་འབྱོར་དར་རྒྱས་གོང་འཕེལ་དུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི༢༠༢༣ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུ་ཉོ་ཚོང་གྲོས་ཚོགས་འཛམ་གླིང་ཡོངས་ཀྱི་ཞབས་ཞུ་ཉོ་ཚོང་རྩེ་ཚོགས་སྟེང་སྤེལ་བའི་ཤིས་ཚིག་གལ་ཆེན་དང་ཤར་བྱང་སློབ་ཆེན་གྱི་དགེ་སློབ་རྣམས་ལ་བསྐུར་བའི་འཕྲིན་ལེན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། འགྲེམ་ཚོགས་ཀྱི་སྟེགས་བུ་ལེགས་བསྡུས་ལེགས་བསྒྱུར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ཞབས་ཞུ་ཉོ་ཚོང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སློབ་གསོ་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་བསྒྱུར་བརྟན་བརླིང་ངང་སྤེལ་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཤེས་ལྡན་མི་སྣ་དང་རིག་སྟོབས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་གཞུང་སྒྲུབ་ཐིན་གྱི་བྱ་བའི་ཐད་བཀོད་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་། རྒྱལ་ཡོངས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་དྲུང་ཡིག་ཆེན་མོའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཆབ་སྲིད་ཀྱི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། ཆབ་སྲིད་ཀྱི་ནུས་པ་མཐོར་འདེགས་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་བྱེད་པ། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ལས་ཁུངས་ཀྱི་གཞུང་སྒྲུབ་ཐིན་གྱི་ཞབས་ཞུ་གསུམ་གྱི་བྱ་བའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་སྲིད་གཞུང་གི་དཀྱིལ་སྙིང་བྱ་བ་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོའི་སྐོར་ཐེངས་དང་པོའི་སྤྱི་སྡོམ་དང་སྐོར་ཐེངས་གཉིས་པའི་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པའི་ཐད་ནས་བཀོད་སྒྲིག་བྱས། ཚོགས་ཐོག་ཏུ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསགོ་སྤེལ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྐྱེད་པ། བསླབ་ནས་ཀུན་སྤྱོད་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བའི་སྟེང་རྒྱུན་མཐུད་ངང་ཤུགས་བཏོན་ནས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་དགོས།

ཚོགས་ཐོག་ནས་ཟླ་དགུ་པའི་ཚེས་ཉི་ཤུ་ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རིགས་གསར་བའི་བཟོ་ལས་ཅན་དུ་བསྒྱུར་བའི་སྟེང་ཤུགས་སྣོན་པ་དང་། ཁེ་ལས་ཀྱི་དོམ་ཆད་གནད་དོན་ཐག་གཅོད་པའི་ཐད་ནས་རྣམ་འགྱུར་བརྟན་པོ་བྱེད་པ། དཔལ་འབྱོར་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་ཇེ་ལེགས་སུ་གཏོང་བའི་སྟེང་ཤུགས་ཡོད་ཚད་བཏོན་ནས། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་མིག་སྔར་གྱི་བྱ་བ་གཙོ་བོའི་ཐད་ནས་བཀོད་སྒྲིག་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་དང་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་། གྲོང་གསེབ་དར་སྤེལ། དམངས་ཚིས་འགན་སྲུང་། ཉེན་ཁ་འགོག་སྲུང་། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པར་གཅིག་འདོམས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་རྒྱུན་མ་ཆད་པར་ཇེ་མཐོར་གཏོང་དགོས།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།