ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེ་ཡི་རྒྱལ་པོར་མཇལ་འཕྲད་གནང་།
2023.09.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 69

ཟླ་དགུ་པའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ཀྲིག་ཞི་ཧུའུ་རྒྱལ་མགྲོན་ཁང་དུ། ཨེ་ཤ་ཡ་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པར་ཡོ་བའི་ཁམ་ཕུ་ཁྲེ་ཡི་རྒྱལ་པོ་ཞི་ཧ་མོ་ཉི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ད་ལོ་ནི་ངས་མཛའ་བརྩེ་དང་ཟོལ་མེད། ཀུན་ཕན། དཀྱེལ་ཡངས་བཅས་ཀྱི་བསམ་ཚུལ་བཏོན་ནས་ལོ་བཅུ་འཁོར་བའི་ལོ་ཡིན་ལ། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་འབྲེལ་བས་བསམ་ཚུལ་དེ་དང་དེ་བཞིན་ཀྲུང་གོས་ཁྱིམ་མཚེས་རྒྱལ་ཁབ་ལ་བྱམས་པོ་བྱེད་པ་དང་ཁྱིམ་མཚེས་རྒྱལ་ཁབ་ཟླ་གྲོགས་བྱེད་པའི་མཐའ་འཁོར་ཕྱི་འབྲེལ་བྱེད་ཕྱོགས་གཅིག་བསྡུས་སྒོས་མཚོན་ཡོད། ཀྲུང་གོས་ཁམ་ཕུ་ཁྲེ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་པ་དང་། ཁམ་ཕུ་ཁྲེ་ཡི་བརྟན་ལྷིང་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། རྒྱལ་སྤྱི་དང་ས་ཁུལ་གྱི་གར་སྟེགས་སྟེང་ནས་ཁམ་ཕུ་ཁྲེ་ཡིས་ནུས་པ་གལ་ཆེན་འདོན་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀས་མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ།ཕྱོགས་མང་མཉམ་ལས་སྒྲོམ་གཞིར་ཏན་ཏིག་ངང་སྐུལ་འདེད་གཏོང་བ།“བཟོ་ལས་འཕེལ་རྒྱས་ཀྱི་བར་ཁྱམས”དང“ཉ་དང་འབྲས་ཀྱི་བར་ཁྱམས”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མངོན་སུམ་གྱི་གྲུབ་འབྲས་གང་མགྱོགས་ངང་ཐོབ་པར་བྱེད་པ་བཅས་བྱས་ནས། རང་སོ་སོའི་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་བྱ་གཞག་ལ་ཞབས་འདེགས་ཞུ་དགོས། ཕྱོགས་གཉིས་ཀས་སློབ་གསོ་དང་རིག་གནས། ན་གཞོན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་མཛའ་མཐུན་ཚང་མའི་སེམས་གཏིང་དུ་སིམ་པར་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཧ་མོ་ཉི་ཡིས་ཁམ་ཕུ་ཁྲེ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ། “རྒྱུད་གཅིག་ལམ་གཅིག”བསྐྲུན་ནས། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད། ཁམ་ཀྲུང་རྒྱལ་ཁབ་གཉིས་ཀྱི་་མཛའ་བརྩེ་ཡུན་ནས་ཡུན་དུ་གནས་ཐུབ་པའི་སྨོན་འདུན་ཞུ་ཟེར།

ཚའེ་ཆི་དང་ཏེན་ཞུའེ་ཞང་། ཝང་དབྱི། ཧྲིན་དབྱི་ཆིན་སོགས་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།