ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་མཚོ་སྔོན་རྨ་ཙོང་ཞིང་ལས་ཐོན་རྫས་འགྲེམ་སྟོན་ཉོ་ཚོང་འདུ་ཚོགས་སྐབས་བརྒྱད་པ་མཚོ་ཤར་དུ་བསྡུས།
2023.09.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། མཚོ་ཤར་གྲོང་ཁྱེར་ཞིང་ལས་ཞིང་སྡེ་ཅུའུ་དང་མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གིས་འགན་ཁུར་ནས་བསྒྲུབས་པའི་ཞིང་བར་ལོ་ལེགས་ཐོབ་པར་རྟེན་འབྲེལ་ཞུ་བ་དང་། ཞི་མཛེས་ཀྱི་ཁྱིམ་གཞི་འཛུགས་སྐྲུན་བྱས་ནས། གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བ་བརྗོད་དོན་དུ་བྱས་པའི་ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་མཚོ་སྔོན་རྨ་ཙོང་ཞིང་ལས་ཐོན་རྫས་འགྲེམ་སྟོན་ཉོ་ཚོང་འདུ་ཚོགས་སྐབས་བརྒྱད་པ་མེན་ཧི་རྫོང་དུ་བསྡུས། ཞིང་ཆེན་གྱི་འགོ་ཁྲིད་པ་ཚེ་རིང་ཐར་དང་ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧྭན། ཉི་མ་སྒྲོལ་མ། མཱ་ཧྥིན་ཧྲིན་བཅས་ཚོགས་འདུར་ཞུགས།

སྐབས་འདིའི་འགྲེམ་སྟོན་ཉོ་ཚོང་འདུ་ཚོགས་མཚོ་སྔོན་ཞིང་ཆེན་གྱི་འགྲེམ་ཁང་དང་ཁུལ་དྲུག་དང་གྲོང་ཁྱེར་གཉིས། མཚོ་ཤར་གྲོང་ཁྱེར་བཅས་ཀྱི་རྫོང་དང་ས་གནས་ཀྱི་ཞིང་ལས་ཐོན་རྫས་འགྲེམ་སྟོན་ཁང་དང་། གྲོང་གསེབ་ཐོན་ལས་འགྲེམ་སྟོན་ཁང་། གྲངས་ཀའི་ཞིང་ལས་འགྲེམ་སྟོན་ཁང་གི་ཁྱད་ལྡན་འགྲེམ་གནས་དང་ཚོགས་ར། རྨ་ཙོང་ཁྱད་ལྡན་ཟས་རིགས་འགྲེམ་ཁུལ། འཐེན་ཐུག་འཕེལ་རིམ་གསལ་སྟོན་གདེང་འཇོག་ཁང་། རྨ་ཙོང་ཞིང་ལས་རྨོ་འདེབས་རིག་གནས་འགྲེམ་སྟོན་དྲིལ་སྒྲོག་བར་ཁྱམས་སོགས་འགྲེམ་ར་སུམ་བརྒྱ་དང་གསུམ་བཀོད་སྒྲིག་བྱས་ཡོད་ལ། ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་ཉིས་བརྒྱ་དང་ཞེ་གསུམ་གྱི་ཐོན་རྫས་བདུན་བརྒྱ་དང་རེ་དགུ་འགྲེམ་སྟོན་ལ་ཞུགས།

ཉིན་དེར། ཀྲུང་གོའི་ལོ་ལེགས་དུས་ཆེན་དང་མཚོ་སྔོན་རྨ་ཙོང་ཞིང་ལས་ཐོན་རྫས་འགྲེམ་སྟོན་ཉོ་ཚོང་འདུ་ཚོགས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམ་ཚོགས་བཅས་མཉམ་འབྲེལ་བྱས་པའི་རྣམ་པ་བརྒྱུད་དེ་བསྡུས་པ་དང་། གདན་ཞུ་ལྟར་འགྲེམ་སྟོན་ལ་ཞུགས་པའི་ཤར་ནུབ་རྒྱུད་མཉམ་ལས་གྲོང་ཁྱེར་དང་མཛའ་མཐུན་གྲོང་ཁྱེར་གྱི་མགྲོན་པོ་དང་ཚོང་བ། ཁུལ་དྲུག་དང་གྲོང་ཁྱེར་གཉིས། ཞིང་ཕྱུགས་ལས་བཅས་ཁེ་ལས་བར་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས་པར་མ་ཟད་གྲོས་མཐུན་བཀོད།

རྒྱུས་ལོན་བྱུང་བ་ལྟར་ན། མ་འོངས་པའི་ཉིན་བཞིའི་རིང་ལ། མཚོ་སྔོན་རྨ་ཙོང་དམངས་སྲོལ་རིག་གནས་མྱོང་ཚོར་དང་གྲོང་ཁྱེར་གྱི་འགོ་གཙོ་དང་ཁུལ་དཔོན། རྫོང་དཔོན།ས་གནས་ཀྱི་འགོ་བ་སྐོར་ཞིག་གིས་ལོ་ལེགས་གླེང་བ་དང་ཚོང་རྟགས་མིང་གྲགས་ཅན་འཛུགས་པའི་སྤུས་ལེགས་ཞིང་ལས་ཐོན་རྫས་ངོ་སྤྲོད་བྱ་འགུལ་སྤེལ་ནས། ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་བྱེད་པ་དང་མཚོ་སྔོན་གྱི་ཚོང་རྟགས་མིང་གྲགས་ཅན་ངོ་སྤྲོད་བྱེད་པ། རྨ་ཙོང་རིག་གནས་དར་སྤེལ་གཏོང་བ། ཞིང་ལས་གྲུབ་འབྲས་དྲིལ་སྒྲོག་བྱེད་པ། ཏང་གཅེས་དྲིན་གཟོའི་དབྱངས་རྟ་གཙོ་བོ་སྒྲོག་པ། དུས་རབས་གསར་བར་ཧུར་ཐག་གིས་བསྐྱོད་པའི་རྣམ་པ་གསར་བར་བསྔགས་བརྗོད་བྱེད་པ། རྨ་ཙོང་ཞིང་ལས་རྨོ་འདེབས་རིག་གནས་དར་སྤེལ་རྒྱུན་འཛིན་བྱེད་པ་བཅས་བྱ་རྒྱུ་རེད། 

རིན་ཆེན་མཚོས་བསྒྱུར།