ཞི་ཅིན་ཕིང་དང་ཕིན་ལིས་ཡོན་གྱིས་ཧང་ཀྲིག་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པའི་རྒྱལ་སྤྱིའི་སྐུ་མགྲོན་ཚོར་དགའ་བསུའི་གསོལ་སྟོན་བཤམས།
2023.09.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་དགུ་པའི་ཚེས་ཉེར་གསུམ་ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་ཀྲེ་ཅང་ཞིང་ཆེན་ཧང་ཀྲིག་གྲོང་ཁྱེར་ཞི་ཙི་མགྲོན་ཁང་དུ་གསོལ་སྟོན་བཤམས་ནས། ཀྲུང་གོའི་ཧང་ཀྲིག་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པར་ཡོང་བའི་རྒྱལ་སྤྱིའི་སྐུ་མགྲོན་ཚོར་དགའ་བསུ་ཞུས།

ཐེངས་འདིའི་མགོ་རྩོམ་མཛད་སྒོའི་སྟེང་ཞུགས་པར་ཡོང་བའི་སྐུ་མགྲོན་ནི། ཁམ་ཕུ་ཁྲེ་ཡི་རྒྱལ་པོ་ཞི་ཧ་མོ་ཉི་དང་། སི་རི་ཡའི་ཙུང་ཐུང་པཱ་ཧྲའར་དང་ཁོང་གི་ལྕམ་མོ་ཨ་ཟི་མཱ། ཁུ་ཝེ་ཐེའི་རྒྱལ་རྒྱུད་འཛིན་མཁན་མིས་ཧྲ་ལེ། བལ་པོའི་ཙུང་ལི་ཕུའུ་ལཱ་ཁྲང་ཏ། ཏིས་ཝུན་ཤར་མའི་ཙུང་ལི་ཞ་ནཱ་ནཱ། ཧན་གོའི་ཙུང་ལི་ཧན་ཏི་ཀྲུའུ། མ་ལེ་ཞི་ཡའི་གྲོས་ཁང་འོག་མའི་གྲོས་དཔོན་ཧ་ལིས་དང་ཁོང་གི་ལྕམ་མོ་ནའོ་ལའེ་ཉི། ཨེ་ཤ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ལས་ཚབ་ཀྲུའུ་ཞི་ཞིན་ཀི་དང་ཁོང་གི་ལྕམ་མོ་ཝེ་ཉི་ཐཱ། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧི་བཅས་དང་། དེ་མིན་ཝུན་ལའེ་སུའུ་ཏན་གྱི་འཐུས་མི་སྟེ་གོང་མའི་སྐུ་ཉེ་སུའུ་ཧྥའོ་ལིས། ཅོར་ཏན་གྱི་གོང་མའི་སྐུ་ཉེ་ཧྥེ་སཱ་ཨར། ཐེ་གོའི་སྲས་མོ་ཞི་ལིས་ཝན་ཝ་ལིས་སོགས་རྒྱལ་པོའི་ཕོ་བྲང་གི་འཐུས་ཚབ་རེད།

ཞི་ཅིན་ཕིང་གིས་ཤིས་ཚིག་འབུལ་སྐབས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས། ཀྲུང་གོའི་ཧང་ཀྲིག་ཏུ་ཨེ་ཤ་ཡ་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པའི་མགོ་རྩོམ་མཛད་སྒོར་ཞུགས་པར་ཕེབས་པའི་རྒྱལ་སྤྱིའི་སྐུ་མགྲོན་ཚོར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

ཞི་ཅིན་ཕིང་གིས་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཀྱིས་ཨེ་ཤ་ཡའི་མི་དམངས་ཀྱིས་ཞི་བདེ་དང་མཐུན་སྒྲིལ། དཀྱེལ་ཡངས་བཅས་ལ་བཅངས་པའི་མཛེས་སྡུག་གི་རེ་འདུན་སྦྲུམ་ཡོད།  འདས་ཟིན་པའི་ལོ་ངོ་བཅུ་ལྷག་གི་རིང་ལ། ཨེ་ཤ་ཡ་ས་ཁུལ་གྱིས་སྤྱིའི་ཆ་ནས་བརྟན་ལྷིང་རྒྱུན་འཁྱོངས་བྱས་པ་དང་། དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་ངང་འཕར་བའི་དབང་གིས། ཨེ་ཤ་ཡའི་གྲུབ་འབྲས་ངོ་མཚར་ཅན་བསྐྲུན་ཡོད། རི་ཆུ་འདབས་འབྲེལ་དང་མི་ཆོས་གཞི་མཐུན་གྱི་ལས་སྐལ་ཐུན་མོང་ཚོགས་པ་རུ་གྲུབ་པའི་ང་ཚོས། ལུས་རྩལ་ལ་བརྟེན་ནས་ཞི་བདེར་སྐུལ་འདེད་གཏོང་བ་དང་། ཁྱིམ་མཚེས་ཕན་ཚུན་བར་བྱམས་པོ་གནང་བ། གཉིས་ཕན་གཉིས་རྒྱལ་རྒྱུན་འཁྱོངས་བྱེད་པ། འཇམ་འཐབ་ཀྱི་བསམ་ཕྱོགས་དང་དཔུང་བསྒྲིགས་པའི་སྦྱོར་བ་ངན་པ་བཀག་འགོག་བྱེད་པ་བཅས་བྱས་ཏེ། ཨེ་ཤ་ཡ་འདི་ཉིད་འཛམ་གླིང་ཞི་བདེ་བརྟན་ལྷིང་གི་ཡུལ་ཁམས་ཞིག་ཏུ་བསྐྲུན་དགོས། ང་ཚོས་ལུས་རྩལ་ལ་བརྟེན་ནས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། མཉམ་ལས་བྱས་ནས་འགྲན་སློང་ལ་ཁ་གཏད་འཇལ་བ། “ནམ་ཡང་མདུན་སྐྱོད་བྱེད་ཀྱིན་པའི”ཨེ་ཤ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱི་ལེགས་བཤད་ལག་བསྟར་བཅས་བྱས་ནས། ཐུན་མོང་འཕེལ་རྒྱས་དང་སྒོ་འབྱེད་མཉམ་འདྲེས་ཀྱི་ཨེ་ཤ་ཡའི་བགྲོད་ལམ་སྔར་ལས་ཇེ་ཡངས་སུ་གཏོང་དགོས། ང་ཚོས་ལུས་རྩལ་ལ་བརྟེན་ནས་དཀྱེལ་ཡངས་ལ་སྐུལ་འདེད་གཏོང་བ་དང་ཤེས་རིག་གི་ཡིད་རྟོན་སྔར་ལས་ཆེ་རུ་གཏོང་བ། ཕན་ཚུན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས། ཨེ་ཤ་ཡའི་ཤེས་རིག་གི་གཟི་འོད་གསར་བ་མུ་མཐུད་ལམ་ལམ་དུ་འཕྲོ་བར་བྱེད་དགོས་ཞེས་ནན་གྱིས་གསུངས།

ཚའེ་ཆི་དང་ཏེན་ཞུའེ་ཞང་། ཝང་དབྱི། ལིས་ཀན་ཅེ། ཧི་ལིས་ཧྥུན། ཝང་ཞའོ་ཧུང་། ཧྲིན་དབྱི་ཆིན་སོགས་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།