ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་གསར་དར་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བར་མཛུབ་སྟོན་གལ་ཆེན་གནང་ནས། དུས་རབས་གསར་བའི་སྐྱོད་ལམ་གསར་བའི་སྟེང་དུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་སྒྲུབ་ནས། གསར་དར་བཟོ་ལས་ཅན་མངོན་འགྱུར་བྱེད་རྒྱུ་ནི་གནད་འགག་གི་ལས་འགན་ཡིན། ཆ་ཚང་དང་ཡང་དག ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་དགོས་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ནས། གསར་དར་བཟོ་ལས་ཅན་གྱི་གཞི་རྩའི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཏེ། ཧུར་ཐག་གིས་རབས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ལ་འཚམ་བསྟུན་དང་སྣེ་ཁྲིད་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རེ་བ་དེ་གསར་དར་བཟོ་ལས་ཀྱི་གོ་རིམ་ཡོངས་སུ་བརྒྱུས་ཏེ། བཟོ་སྐྲུན་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་དེ་གཞི་གྲངས་དཔལ་འབྱོར་དང་ཐོན་ལས་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་དང་ཟུང་འབྲེལ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་དངོས་པོའི་ལག་རྩལ་གྱི་རྨང་གཞི་འདིང་དགོས་ཞེས་བསྟན།
ཞི་ཅིན་ཕིང་གིས་གསར་དར་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་མ་ལག་བཟོ་སྐྲུན་ཞིག་ཡིན། ཏང་ཨུའི་གཅིག་གྱུར་འགོ་ཁྲིད་དང་སྲིད་གཞུང་གི་འགན་འཁུར་ལག་བསྟར་དངོས་འབེབ་བྱས་ནས། ཁེ་ལས་ཀྱི་གཙོ་ནུས་འདོན་སྤེལ་བྱས་ནས། སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཆེར་ཟབ་ཞུགས་བྱེད་པའི་བྱ་བའི་རྣམ་པ་གྲུབ་ཏུ་འཇུག་དགོས་ལ། ཕྱོགས་སོ་སོའི་སྲིད་ཇུས་དང་ཆ་རྐྱེན་གྱི་འགན་སྲུང་ལེགས་པོར་སྒྲུབ་དགོས། གསར་སྐྲུན་རྒྱ་སྐྱེད་དང་རང་འཁྲི་རང་འཁུར་བྱས་ཏེ། གསར་དར་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་གཅིག་བསྡུས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་བསྟན།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།