ཨེ་ཤ་ཡའི་ཨོ་ལིན་ཕིག་ལས་འཛིན་ལྷན་ཚོགས་དང་ཧང་ཀྲིག་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། འགྲན་སྡུར་མགོ་བརྩམས་རྗེས་ཀྱི་འཁོར་རྒྱུག་སྤྱིའི་གནས་ཚུལ་ངོ་སྤྲོད་བྱས། མིག་སྔར། འགྲན་སྡུར་གྱི་གནས་ཚུལ་་བརྟན་བརླིང་དང་བདེ་བླག་ཡིན་པ་དང་། བཟའ་བཏུང་དང་འགྲིམ་འགྲུལ། སྨན་བཅོས་སོགས་ཀྱི་འགན་སྲུང་ཧ་ཅང་བཟང་། ཧང་ཀྲིག་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྤྱིའི་བཀོད་འདོམས་པུའུ་ནི་ཧང་ཀྲིག་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་དོན་འཁོར་རྒྱུག་བཀོད་འདོམས་མ་ལག་གི་སྲོག་ཤིང་དང་ལྟེ་གནས་ཡིན་པའི་ཆ་ནས། ཧང་ཀྲིག་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ལ་ཕྱོགས་ཡོངས་དང་ཕན་པ་ལྡན་པ། གཅིག་གྱུར་གྱིས་བཀོད་འདོམས་དང་བཀོད་གཏོང་བྱེད་རྒྱུའི་འགན་ཁུར་ཡོད་པ་དང་། རིག་ནུས་དངོས་འབྲེལ་དང་ལྗོངས་ཡོངས་ལག་རྩལ་སོགས་ཚན་རྩལ་ལ་རྒྱབ་བརྟེན་ནས། འགྲན་དོན་སྤྱིའི་བཀོད་འདོམས་པུའུ་ཡི་ཕྱོགས་བསྡུས་བཀོད་འདོམས་སྟེགས་བུས་མྱུར་དུ་བཀོད་གཏོང་བྱས་ཏེ། འགྲན་དོན་འཁོར་རྒྱུག་ཐད་བཀོད་འདོམས་བཀོད་གཏོང་གི་འགན་སྲུང་འདོན་སྤྲོད་བྱེད་བཞིན་ཡོད།
རིན་ཆེན་མཚོས་བསྒྱུར།