ཟླ་དགུ་པའི་ཚེས་ཉེར་གཅིག་ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་རྒྱ་ཆེའི་གུང་གཞོན་ཚོགས་མི་དང་ན་གཞོན་ལ་ཁ་གཏད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་སྐོར་ཐེངས་དང་པོའི་སྤྱི་བསྡོམས་དང་སྐོར་ཐེངས་གཉིས་པའི་སྐུལ་སློང་གྲོས་ཚོགས་ཀྱི་དགོངས་དོན། གུང་གཞོན་ཚོགས་པ་ཀྲུང་དབྱང་གི་ཁོངས་མི་དང་ན་གཞོན་གྱི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་གུང་གཞོན་ཚོགས་མི་དང་ན་གཞོན་ལ་དམིགས་ཏེ་བརྗོད་དོན་སློབ་གསོ་སྤེལ་བར་བཀོད་སྒྲིག་བྱས། གུང་གཞོན་ཚོགས་མི་དང་ན་གཞོན་གྱི་བརྗོད་དོན་སློབ་གསོའི་གུང་གཞོན་ཚོགས་པ་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་བདུན་པ་དང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས་ནས་མཛུབ་སྟོན་བྱས།
གུང་གཞོན་ཚོགས་མི་དང་ན་གཞོན་ལ་ཁ་གཏད་དེ་བརྗོད་དོན་སློབ་གསོ་སྤེལ་བ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་སེམས་ཤུགས་གཅིག་ཏུ་བསྡུ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བྱ་བའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་ཞིག་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་མཁན་སྔར་ལས་བཟང་བོ་གསོ་སྐྱོང་བྱས་ནས། རྒྱུན་ཆད་མེད་པར་ཏང་ལ་བདེ་ཐང་གསོན་ཤུགས་ལྡན་པའི་ཁྲག་རྒྱུན་གསར་བ་ཡོད་པར་བྱས་ཏེ། དུས་རབས་གསར་བའི་མཚོ་སྔོན་ན་གཞོན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་མཚོ་སྔོན་གྱི་ལེའུ་བསྐྲུན་པའི་ཁྲོད་དུ་ཁག་ཁུར་མངོན་པར་སྐུལ་སློང་བྱེད་པར་དོན་སྙིང་གལ་ཆེན་ལྡན། ཆབ་སྲིད་ཀྱི་མཐོ་ཚད་ནས་བལྟས་ན། གུང་གཞོན་ཚོགས་པའི་ཆབ་སྲིད་ངོ་བོ་མངོན་པར་བྱེད་པ་དང་། ཏང་གིས་བསྟན་པའི་ཁ་ཕྱོགས་དེ་གུང་གཞོན་ཚོགས་པའི་རེ་འདུན་ཡིན་པའི་བླང་བྱ་གལ་ཆེན་རྒྱུན་འཁྱོངས་བྱེད་པ་ཡིན། འཐབ་ཇུས་ཀྱི་ཟུར་ཚད་ནས་མགོ་རྩོམ་པ་ནི། ན་གཞོན་གྱི་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་དང་། ཏང་གི་ཆེད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཚད་ལོངས་འཛུགས་སྐྲུན་མཁན་དང་ཡིད་རྟོན་རུང་བའི་རྒྱུན་འཛིན་མཁན་གསོ་སྐྱོང་བྱེད་པའི་བླང་བྱ་གལ་ཆེན་ཡིན། སྤྱི་ཡོངས་དང་དཀྱིལ་སྙིང་ལ་ཞབས་འདེགས་ཞུ་བ་ནི། ཐོག་མཐའ་བར་གསུམ་དུ་རྒྱལ་དོན་གྱི་ཆེ་ཕྱོགས་སེམས་སུ་ཉར་བ་དང་། དུས་རབས་གསར་བའི་མཚོ་སྔོན་ན་གཞོན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་བསྐྲུན་པའི་ཁྲོད་དུ་ཁག་ཁུར་མངོན་པར་སྐུལ་སློང་བྱེད་པའི་བླང་བྱ་གལ་ཆེན་ཡིན། གུང་གཞོན་ཚོགས་པའི་ལས་དོན་འཕེལ་རྒྱས་ཀྱི་ཟུར་ངོས་ནས་བལྟས་ན། ཕྱོགས་ཡོངས་ནས་གུང་གཞོན་ཚོགས་པ་དམ་འཛིན་དང་བཅོས་སྐྱོང་བྱེད་པ་ཡིན་ལ། ཐོག་མཐའ་བར་གསུམ་དུ་ཞིང་ཆེན་ཏང་ཨུའི་རྗེས་སྙེག་ནས་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པའི་བླང་བྱ་གལ་ཆེན་ཞིག་ཡིན།
གུང་གཞོན་ཚོགས་མི་དང་ན་གཞོན་གྱི་བརྗོད་དོན་སློབ་གསོ་སྤེལ་དགོས་ན་གཞུང་ལུགས་སློབ་སྦྱོང་ཐད་ནས། མ་རྩོམ་ཀློག་པ་དང་། མ་ཡིག་སློབ་པ། གོ་དོན་མཐིལ་རྟོགས་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས་ལ། རིགས་བགར་ནས་སློབ་སྦྱོང་བྱེད་དགོས། ཞིབ་སྡུར་བརྗེ་རེས་ཐད་ནས་ན་གཞོན་འཆད་ཁྲིད་ཚོགས་པ་དང་། མི་རིགས་མཐུན་སྒྲིལ་གྱི་ན་གཞོན་སྐྱ་དམག་སོགས་དཔུང་ཁག་གི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ། འཆད་པ་དྲུག་གི་ལས་དོན་སྤེལ་དགོས། ལག་ལེན་ཉམས་ལེན་ཐད་ནས་དམར་པོའི་ཐོན་ཁུངས་ལ་གཞི་བཅོལ་ཏེ། གྲོང་གསེབ་དུ་བསྐྱོད་པ་གསུམ་དང་ཕ་ཡུལ་དུ་ལོག་པ་སོགས་སྤྱི་ཚོགས་ལག་ལེན་བྱ་འགུལ་སྤེལ་དགོས། བྱས་རྗེས་འཇོག་པའི་ཐད་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དཀྱིལ་སྙིང་ལས་དོན་ལ་དམ་དུ་དམིགས་ཏེ། གུང་གཞོན་ཚོགས་མི་དང་ན་གཞོན་དག་དཔལ་འབྱོར་འཛུགས་སྐྲུན་དང་། ཚན་རྩལ་གསར་གཏོད། གྲོང་གསེབ་དར་སྤེལ། ལྗང་མདོག་འཕེལ་རྒྱས། གཅིག་གྱུར་སྲུང་སྐྱོབ། སྤྱི་ཚོགས་ཞབས་ཞུ་སོགས་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོ་ནས་གྲལ་མགོའི་དམག་དང་སྟོབས་གསར་དམག་བྱེད་པར་སྐུལ་སློང་བྱེད་དགོས། གུང་གཞོན་ཚོགས་མི་དང་ན་གཞོན་གྱི་སྣེ་ཁྲིད་དེ་ཏང་ལ་བློ་དཀར་བྱེད་པ་དང་། ཕུགས་འདུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། འཐབ་རྩོད་སྙིང་སྟོབས་དར་སྤེལ་བྱེད་པ། ཁག་ཁུར་བྱེད་ཕོད་པར་བྱས་ཏེ། སེམས་གཏིང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འགྱུར་མེད་ཀྱི་དད་མོས་མཁན་དང་། དགེ་མཚན་ལྡན་པའི་ཁྱབ་སྒྲོག་པ། བློ་དཀར་གྱི་ལག་བསྟར་མཁན་བཅས་བྱེད་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།