ཝང་ཧུའུ་ཉིང་གིས་མ་ལེ་ཞི་ཡའི་རྒྱལ་ཚོགས་ཀྱི་གྲོས་ཁང་ཞོལ་མའི་གྲོས་དཔོན་ལ་མཇལ་འཕྲད་གནང་།
2023.09.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས་ཉེར་ལྔ་ཉིན་པེ་ཅིང་ནས་མ་ལེ་ཞི་ཡའི་རྒྱལ་ཚོགས་ཀྱི་གྲོས་ཁང་ཞོལ་མའི་གྲོས་དཔོན་ཙའོ་ཧ་ལིས་ལ་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོ་དང་མ་ལེ་ཞི་ཡའི་སྲོལ་རྒྱུན་མཛའ་བརྩེའི་རྒྱུན་ཧ་ཅང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ཨན་ཝ་ཨར་གཉིས་ཀྱིས་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་ནས་ཐུན་མོང་གི་ལྟ་བ་བྱུང་བ་དང་། བརྩེ་ལྡན་དང་ལྷག་བསམ་རྣམ་དག གཉིས་ཕན་མཉམ་རྒྱལ། ཁོང་ཡངས་ཀྱི་འདུ་ཤེས་ལ་འགྲེལ་བཤད་གསལ་བོ་བྱས། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་དང་མཉམ་དུ། ཆབ་སྲིད་ཀྱི་ཡིད་རྟོན་སྲ་བརྟན་དུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་མ་ལེ་ཞི་ཡའི་རྒྱལ་ཚོགས་ནང་དུ་འདུ་བའི་སྤྱི་ཚོགས་ལས་རིགས་སོ་སོའི་བར་གྱི་འགྲོ་འོང་ལ་ཤུགས་བསྣན་ནས། ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད།

ཙའོ་ཧ་ལིས་ཀྱིས་བཤད་རྒྱུར། མ་ལེ་ཞི་ཡས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། སང་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་ལོ་ཡིན། མ་ལེ་ཞི་ཡས་ཀྲུང་གོ་དང་མཉམ་དུ། དཔལ་འབྱོར་དང་རིག་གནས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་བསྣན་ནས། མ་ལེ་ཞི་ཡ་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་འཇུས་གྲོགས་པོའི་འབྲེལ་བ་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོས་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་བསྡུས་པར་རྟེན་འབྲེལ་ཞུས་པ་ཡིན། མ་ལེ་ཞི་ཡའི་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་བར་གྱི་མཛའ་མཐུན་བརྗེ་རེས་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་ལས་རིགས་སོ་སོའི་ཕན་ཚུན་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་འདོད་ཡོད།

ཞན་ཧུའེ་དང་ཝང་ཏུང་ཧྥིན་སོགས་མཇལ་འཕྲད་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།