ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཐུན་མོང་ནགས་དབང་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་ཇུས་གཞི་པར་འགྲེམ་བྱས་པར་མ་ཟད། བརྡ་སྦྱོར་བཏང་ནས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་ལག་བསྟར་ནན་མོ་བྱེད་རྒྱུ་རེ་བ་བཏོན།
གྲོས་གཞིའི་ནང་། ཐུན་མོང་ནགས་དབང་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཐུན་མོང་ནགས་དབང་ལམ་ལུགས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ། ཁྲིམས་ལྟར་ཞིང་བ་དང་ནགས་ལས་ཚོང་གཉེར་པའི་ཐུན་མོང་ནགས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་ནགས་ལས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་རྐྱེན་སྲོལ་དང་སྐྱེ་ཁམས་ཁ་གསབ་ལམ་ལུགས་རྒྱུན་མ་ཆད་པར་འཐུས་ཚང་དུ་གཏོང་བ། ནགས་ཚལ་གྱི་སྣ་མང་རྩོལ་ནུས་འདོན་སྤེལ་བྱེད་པ། ནགས་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། ཞིང་བ་དང་ཞིང་སྡེ་མཉམ་དུ་ཕྱུག་པོར་བསྒྱུར་བ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་མཛེས་པ་དང་མང་ཚོགས་ཕྱུག་བསྒྱུར་གཅིག་གྱུར་ཡོང་བར་བྱེད་རྒྱུའི་རེ་བ་བཏོན།
གྲོས་གཞིའི་ནང་གཏན་ཁེལ་བྱས་པའི་ལས་འགན་གཙོ་བོ་ནི། དབང་གསུམ་མྱུར་དུ་སྐུལ་འདེད་གཏོང་པ་དང་། ནགས་ལས་གཞི་ཁྱོན་འོས་འཚམ་ལྟར་བདག་གཉེར་བྱེད་པ། ནགས་ཚལ་བདག་གཉེར་ལ་ཤུགས་སྣོན་པ། ནགས་ཤིང་བདག་དབང་གི་དབང་ཤུགས་ལ་འགན་སྲུང་བྱེད་པ། ཐོན་ལས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་རྐྱེན་སྲོལ་འཚོལ་ཞིབ་བྱེད་པ་དང་འཐུས་ཚང་དུ་གཏོང་བ། དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེར་སྐྱེད་དེ། ལོ་རྒྱུས་ཀྱི་སོར་བཞག་གནད་དོན་འོས་འཚམ་སྒོས་ཐག་གཅོད་པ་བཅས་ཡིན།
རིན་ཆེན་མཚོས་བསྒྱུར།