ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་བཞི་པ་བསྡུས།
2023.09.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཟླ་དགུ་པའི་ཚེས་ཉེར་དྲུག་ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལིས་མེན་དང་ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོས་ཀང་། དྲུང་ཡིག་ཆེན་མོ་ཁྲིན་ཏུང་ཁྲང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བསྡོམས་པས་མི་རེ་གཅིག་གྲོས་ཚོགས་ལ་ཞུགས་པ་དང། དེ་ཁྲིམས་བཀོད་མི་གྲངས་དང་མཐུན། ཁྲིན་ཀང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་བྱས།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་འཆར་ཟིན་གྱི་ཐེངས་གཉིས་པར་གྲོས་ཞིབ་བྱེད་པའི་མ་ཡིག་གི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་བདེ་འཇགས་དོན་བྱ་དང་འབྲེལ་བའི་འཛུགས་སྐྲུན་ལས་གཞིའི་དོ་དམ་སྲོལ་ཡིག་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་གྱིས་ཚོང་ཟོག་སྐྱེལ་འདྲེན་རླངས་འཁོར་གྱིས་ཤོང་ཚད་ལས་བརྒལ་ནས་དངོས་ཟོག་འདྲུད་པར་བཅོས་སྐྱོང་བྱེད་པའི་སྲོལ་ཡིག་འཆར་ཟིན་སྐོར་གྱི་གསལ་བཤད། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་པའི་སྐོར་གྱི་ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་རེ་ཞུ་སྐོར་གྱི་གསལ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་གི་དྲག་སྤྱོད་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག་འཆར་ཟིན་སྐོར་གྱི་གསལ་བཤད། ཟི་ལིང་གྲོང་ཁྱེར་གྱི་མེ་འགོག་མེ་གསོད་བཟོ་བཅོས་སྲོལ་ཡིག་སྐོར་གྱི་གསལ་བཤད། མཚོ་ཤར་གྲོང་ཁྱེར་རྒྱལ་གཅེས་འཕྲོད་བསྟེན་བྱ་བའི་སྲོལ་ཡིག་སྐོར་གྱི་གསལ་བཤད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་ཤོག་ཐོན་རྫས་དོ་དམ་སྲོལ་ཡིག་སྐོར་གྱི་གསལ་བཤད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྲོལ་རྒྱུན་སྡེ་བའི་སྲུང་སྐྱོབ་སྲོལ་ཡིག་སྐོར་གྱི་གསལ་བཤད། ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག་གི་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ། བརླན་སར་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་མི་དམངས་སྲིད་གཞུང་གི2022ལོའི་ས་གནས་དངུལ་རྩའི་ཁེ་ལས་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་གྲོས་གཞི་གཙོ་བོ་སྒྲུབ་པར་ལྟ་སྐུལ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་གྲོས་གཞི་སྒྲུབ་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་ཚོང་ཟོག་སྐྱེལ་འདྲེན་རླངས་འཁོར་གྱི་ཤོང་ཚད་ལས་བརྒལ་ལས་དངོས་ཟོག་འདྲུད་པར་བཅོས་སྐྱོང་བྱེད་པའི་སྲོལ་ཡིག་འཆར་ཟིན་སྐོར་གྱི་གྲོས་ཞིབ་བསམ་འཆར་དང་། ཟི་ལིང་གྲོང་ཁྱེར་མེ་འགོག་མེ་གསོད་བཟོ་བཅོས་སྲོལ་ཡིག་སྐོར་གྱི་ཞིབ་བཤེར་སྙན་ཞུ། མཚོ་ཤར་གྲོང་ཁྱེར་རྒྱལ་གཅེས་འཕྲོད་བསྟེན་བྱ་བའི་སྲོལ་ཡིག་སྐོར་གྱི་ཞིབ་བཤེར་སྙན་ཞུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་ཤོག་ཐོན་རྫས་དོ་དམ་སྲོལ་ཡིག་སྐོར་གྱི་ཞིབ་བཤེར་སྙན་ཞུ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྲོལ་རྒྱུན་སྡེ་བའི་སྲུང་སྐྱོབ་སྲོལ་ཡིག་སྐོར་གྱི་ཞིབ་བཤེར་སྙན་ཞུ། ཞིང་ཆེན་མི་དམངས་སྲིད་གཞུང་གི2022ལོའི་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ། ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་འཛུགས་སྐྲུན་བྱེད་པའི་གནས་ཚུལ་གྱི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་གཞི་བསམ་འཆར་དང་། ཁས་བླངས་དོན་བྱའི་དག་ཐེར་ལེགས་བཅོས་གནས་ཚུལ་ལ་ཆེད་དོན་འདྲི་གཅོད་བྱས་པའི་ཆེད་དོན་བྱ་བའི་སྙན་ཞུ་བཅས་པར་སྐྲུན་འགྲེམ་སྤེལ་བྱས།

འགན་ཁུར་རྒྱུ་ཡིན་པའི་མི་སྣས་འགན་མ་ཁུར་སྔོན་གྱི་གཏམ་བཤད་སྤེལ།

ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་དང་། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙིག་ཅུན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅིག་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

རིན་ཆེན་མཚོས་བསྒྱུར།