ཟླ་དགུ་པའི་ཚེས་ཉེར་བརྒྱད་ཉིན། ཧྭ་ཏེན་ན་གོར་མོའི་སྐབས་དང་པོའི་སོལ་གློག་དང་རྒྱལ་ཁབ་ཀྱི་སྐོར་ཁག་གསུམ་པའི་རྟེན་གཞི་ཆེན་པོའི་ཧྭ་ཏེན་ཚྭ་འདམ་ཆེན་པོའི་ཧའོ་ཝ་སྟོང་གི་ཉི་འོད་ནུས་པའི་བཟོ་སྐྲུན་འཛུགས་སྐྲུན་ཚོགས་ཆེན་དང་། ཧྭ་ཏེན་གཏེར་ལེན་ཁའི་རྒྱུ་རྡུལ་བརྗེ་སྤོར་སྐྱི་སྲབ་གློག་འབྱེད་ཆུའི་ཆིང་བཟོ་དཔེ་སྟོན་བཟོ་སྐྲུན་ལག་བསྟར་མཛད་སྒོ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་ཀྲུང་གོའི་ཧྭ་ཏེན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཙུའུ་ཧྲུའུ་ཅི། རྐང་གཉེར་དབུ་གཙོ་ཅང་དབྱི་སོགས་ཀྱིས་བཞུགས་མོལ་བྱས་པར་མ་ཟད་བཟོ་སྐྲུན་འཛུགས་སྐྲུན་ཚོགས་ཆེན་དང་ལག་བསྟར་མཛད་སྒོར་ཞུགས།
ཁྲིན་ཀང་གིས་ཀྲུང་གོ་ཧྭ་ཏེན་གྱིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་བཞག་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཀྲུང་གོ་ཧྭ་ཏེན་ཏང་ཙུའུ་ཡི་མཐོང་ཆེན་དང་རྒྱབ་སྐྱོར་འོག་དང་། ཕྱོགས་གཉིས་ཀྱིས་ཐུན་མོང་འབད་འཐབ་བྱས་འོག ཀྲུང་གོ་ཧྭ་ཏེན་གྱི་མཚོ་སྔོན་གྱི་ལས་སྒོ་སོ་སོའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་པ་དང་། མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཐད་འདེགས་སྐྱོར་བྱེད་པའི་ཐད་ནས་ནུས་པ་གལ་ཆེན་བཏོན། མིག་སྔར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་བཞིན་པའི་སྒང་ཡིན་པ་དང་། དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས་དམ་འཛིན་བྱས་ཏེ། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་གནས་མྱུར་དུ་འཛུགས་སྐྲུན་བྱེད་ཀྱིན་ཡོད། རེ་བ་ཡིན་ན་ཀྲུང་གོ་ཧྭ་ཏེན་གྱིས་མུ་མཐུད་དུ་ཤེས་ལྡན་མི་སྣ་དང་ཐོན་ལས། ལག་རྩལ་གྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། མཚོ་སྔོན་དུ་དངུལ་གཏོང་བྱེད་ཤུགས་ཆེར་སྐྱེད་པ། སོལ་གློག་གི་རྨང་གཞི་འགན་སྲུང་དང་མ་ལག་ལེགས་སྒྲིག་ནུས་པ་འདོན་སྤེལ་བྱེད་པ། ཆིང་ནུས་ཐོན་ལས་བཀོད་སྒྲིག་བྱས་ནས། ཕྱོགས་གཉིས་ཀྱི་མཉམ་ལས་གཉིས་རྒྱལ་མངོན་འགྱུར་བྱེད་དགོས། མཚོ་སྔོན་གྱིས་ཀྲུང་གོ་ཧྭ་ཏེན་གྱིས་མཚོ་སྔོན་ནས་དངུལ་གཏོང་འཕེལ་རྒྱས་བྱེད་པའི་ཐད་ནས་ཞབས་ཞུའི་འགན་སྲུང་འདོན་སྤྲོད་བྱེད་པ་དང་། མཉམ་དུ་རྒྱལ་ཁབ་ཀྱིས་ཐཱན་གཉིས་དམིགས་འབེན་མངོན་འགྱུར་བྱེད་པ་དང་གློག་ཤུགས་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐད་བྱས་རྗེས་འཇོག་རྒྱུ་རེད།
ཅང་དབྱི་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་བོར་ཀྲུང་གོའི་ཧྭ་ཏེན་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཀྲུང་གོ་ཧྭ་ཏེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་བརྗེ་བཞི་དང་མཉམ་ལས་གཅིག་གི་ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་བ་དང་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་པ་དང་། ཕྱོགས་གཉིས་ཀྱིས་བཀོད་པའི་འཐབ་ཇུས་མཉམ་ལས་གྲོས་མཐུན་དོན་འཁྱོལ་བྱས་ཏེ། མཚོ་སྔོན་དང་ལྷག་པར་དུ་མཚོ་ནུབ་ས་ཁུལ་གྱི་དག་གཙང་ནུས་ཁུངས་རྟེན་གཞི་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། གོ་རིམ་རྗེས་མར། ཀྲུང་གོ་ཧྭ་ཏེན་གྱིས་ཐེངས་འདིའི་བཟོ་སྐྲུན་འཛུགས་སྐྲུན་དང་ལག་བསྟར་བྱེད་རྒྱུ་དེ་འགོ་ཚུགས་ས་གསར་བ་རུ་བྱེད་པ་དང་། སོལ་གློག་རྩེ་བསྒྱུར་ནུས་པ་ལེགས་སྒྱུར་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱིས་ཆིང་ནུས་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་སོགས་ཕྱོགས་མང་པོ་ནས་ཤུགས་བཏོན་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་རྒྱུ་རེད།
ཉིན་དེའི་བཟོ་སྐྲུན་འཛུགས་སྐྲུན་ཚོགས་ཆེན་དང་ལག་བསྟར་མཛད་སྒོས་ཟི་ལིང་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། མཚོ་ནུས་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་། ན་གོར་མོ་གྲོང་ཁྱེར། ཚྭ་འདམ་ཆེ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ལས་གཞི་ཡུལ་དངོས་སུ་ཡན་ལག་ཚོགས་ར་བཙུགས་ཡོད། ཞིང་ཆེན་གྱི་འགོ་ཁྲིད་ཝང་ལེན་ཧུའུ་དང་ཀྲུའུ་ཞང་ཧྥིན་མཛད་སྒོར་ཞུགས།
རིན་ཆེན་མཚོས་བསྒྱུར།