ཝང་ཧུའུ་ཉིང་གིས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པར་མཇལ་འཕྲད་གནང་།
2023.09.29 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 20

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས་ཉེར་དགུ་ཉིན་པེ་ཅིང་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པར་མཇལ་འཕྲད་གནང་།   ཁོང་གིས་བསྟན་དོན།   ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ།  ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས།   མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་སྐབས་སུ་སླེབས་ཡོད།   སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་སྟེང་།   མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་དམ་འཛིན་བྱས་ནས་རིགས་སོ་སོའི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པར་ཁྲིད་སྟོན་བྱེད་དགོས་ལ།   སྐྱོད་ལམ་གསར་པར་འབད་འཐབ་བྱེད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱེད་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན།   རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པ་རྩ་འཛུགས་བྱས་པ་ནི་ཏང་གི་མི་རིགས་བྱ་བའི་སྲོལ་རྒྱུན་བཟང་བོ་ཡིན།   ཁོང་གིས་ལྟ་སྐོར་ཚོགས་པའི་ཁོངས་མི་རྣམས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་ལ་དགའ་བ་དང་མེས་རྒྱལ་ལ་དགའ་བ།  མི་དམངས་ལ་དགའ་བ་བཅས་བྱས་ཏེ་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས།  ཀྲུང་ཧྭའི་རིག་གནས།  ཀྲུང་གོ་གུང་ཁྲན་ཏང་།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོས་ཟིན་ཇེ་དྲག་ཏུ་གཏོང་དགོས་པ་དང་།   བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས་མི་རིགས་སོ་སོས་བརྗེ་རེས་དང་འབྲེལ་འདྲིས།  མཉམ་བསྲེས་བྱེད་པར་ཡར་སྐུལ་བྱེད་དགོས།   ཆ་ཚང་ཞིང་ཡང་དག་པ།  ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མི་རིགས་ས་ཁུལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་བཟང་བོ་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པར་རོགས་འདེགས་བྱེད་དགོས།   མཐའ་དར་དམངས་ཕྱུག་གི་བྱ་བ་བཟང་བོར་བསྒྲུབ་པ་དང་མང་ཚོགས་སྔར་ལས་མང་པོ་མཐའ་མཚམས་སུ་གཞི་ཚུགས་པར་སྐུལ་ཁྲིད་བྱས་ཏེ།  རྒྱལ་ཁོངས་ཀྱི་སྲུང་སྐྱོབ་པ་དང་བདེ་སྐྱིད་ཁྱིམ་གཞིས་ཀྱི་འཛུགས་སྐྲུན་པ་བཟང་བོ་བྱེད་དགོས།

ཧྲི་ཐའེ་ཧྥིན་དང་ཧྲིན་དབྱི་ཆིན་མཇལ་འཕྲད་ལ་ཞུགས།

ཐེངས་འདིའི་ལྟ་སྐོར་ཚོགས་པའི་ཁོངས་མི་ནི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་མི་སྒེར་དང་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་མི་སྒེར་སོགས་ཀྱི་མཚན་སྙན་ཐོབ་པ་དང་རྒྱལ་གཅེས་མཐའ་སྲུང་ཁྲོད་བྱས་རྗེས་བཞག་པའི་མཐའ་མཚམས་གཞི་རིམ་འཐབ་ཕྱོགས་དང་པོའི་འཐུས་ཚབ་ཀྱིས་གྲུབ་པ་ཡིན་ལ།  བསྡོམས་པས་མི་བརྒྱ་དང་ལྔ་བཅུ་ཡོད།

                                                                                                    ལྷ་མོ་ཚེ་རིང་གིས་བསྒྱུར།