སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་དོན་བཞི་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་ལ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ཆེན་པོ་བྱུང་།  
2023.09.29 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 43

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་དོན་བཞི་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་ལ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ཆེན་པོ་བྱུང་།   ཚང་མས་བསྟན་དོན།   སྐྱོད་ལམ་གསར་པའི་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སྙིང་སྟོབས་ཆེ་རུ་བསྐྱེད་པ།   མཐུན་སྒྲིལ་འབད་འཐབ་བྱེད་པ།   རྒྱུན་ཆད་མེད་པར་དཀའ་གནད་མཁྲེགས་གཏོར་བྱེད་པ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་དམིགས་ཏེ་དཔའ་སྐྱེད་མདུན་སྐྱོད་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ཁྲོད་དུ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་དོན་བཞི་འཁོར་བའི་རིང་ལ། རང་རྒྱལ་དབུལ་ཕོངས་ནས་ཕྱོགས་ཡོངས་འབྱོར་འབྲིང་དུ་གྱུར་བ་དང་།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལས་དོན་གྱི་སྐྱོད་ལམ་གསར་པར་བསྐྱོད་ལ།  དེ་ནི་ཀྲུང་གོ་ཀྲུང་གོ་གུང་ཁྲན་ཏང་གི་མཐུན་སྒྲིལ་སྣེ་ཁྲིད་འོག་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་དཀའ་སྤྱད་འབད་འཐབ་བྱས་ཏེ་བླངས་པའི་གྲུབ་འབྲས་གལ་ཆེན་ཡིན་ཞེས་བསྟན་པ་དེར་ཚང་མར་མྱོང་ཚོར་ཟབ་མོ་བྱུང་།

གསུང་བཤད་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།  ད་ལོར།  ང་ཚོས་ས་ཁུལ་ཁ་ཤས་ཀྱི་ཆུ་ལོག་གི་གནོད་འཚེར་ནུས་ལྡན་སྒོས་ཁ་གཏད་འཇལ་བ་དང་འབྲུ་རིགས་ཐོན་སྐྱེད་ཐད་ལའང་ལོ་ལེགས་འབྱུང་བའི་རེ་བ་ཡོད།  གྲུབ་འབྲས་འདི་དག་ནི་ཐོབ་སླ་མོ་ཞིག་མིན་པར་མི་ལ་སྐུལ་མ་ཐེབས་པ་ཞིག་རེད།   མིག་སྔར། རང་རྒྱལ་གྱི་སྟོན་བསྡུའི་ལས་དོན་རྒྱ་ཆེར་སྤེལ་བཞིན་ཡོད་ལ། མི་རྣམས་ཞིང་ཁ་རུ་འབྲུ་རིགས་བསྡུ་བར་བྲེལ་ནས་འབྲུ་རིགས་འབྲུ་མཛོད་དུ་བསྡུ་བར་འགན་སྲུང་བྱེད་བཞིན་ཡོད།   ཆུ་ལོག་གི་གནོད་འཚེ་ཐེབས་པའི་ལུང་ཝང་མེའོ་སྡེ་བའི་གནོད་སྐྱོན་ཐེབས་པའི་ཁང་བ་ཞིག་གསོ་བྱ་བ་གཞི་རྩའི་ཆ་ནས་ཡོངས་འགྲུབ་བྱས་ཡོད་པ་དང་།   དེ་རིང་སྔ་དྲོར།   གནོད་ཐེབས་མང་ཚོགས་རྣམས་གཞིས་གསར་དུ་གནས་སྤོར་བར་བྲེལ་བཞིན་འདུག

རང་རྒྱལ་གྱི་ལུས་རྩལ་པ་དག་གིས་ཁྲིན་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་དང་ཧང་ཀྲིག་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྟེང་གྲུབ་འབྲས་བཟང་བོ་བླངས།  ཆན་ཐང་གཙང་འགྲམ་དུ་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་རབ་ཏུ་འབར།   སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱིས་འགྲན་རར་འབད་འཐབ་བྱེད་བཞིན་པའི་ལུས་རྩལ་པ་ཚོར་སྐུལ་མ་ཆེན་པོ་ཐེབས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ཁྲོད་བསྟན་དོན།  ང་ཚོས་མི་དམངས་མང་ཚོགས་ཀྱི་ཉིན་རེར་འཕར་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོར་དམིགས་ནས་དམངས་ཚིས་འགན་སྲུང་ཤུགས་ཚད་ཆེ་རུ་གཏོང་དགོས་པ་དང་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ལ།  ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།  གསེར་མདོག་གི་སྟོན་དུས་སུ། མེས་རྒྱལ་ས་གཞི་ཆེན་པོར་ཤིང་འབྲས་ཀྱི་དྲི་ཞིམ་ཐུལ་ཡོད།   སི་ཁྲོན་མེན་དབྱང་པེ་ཁྲོན་རྫོང་དུ་མུའུ་ཉིས་སྟོང་ལྷག་གི་མཐོ་སྒང་གི་དགུན་ཁའི་ཁམས་བུའི་མེ་ཏོག་འཐུ་འགོ་ཚུགས་ཤིང་།   ཞིན་ཅང་གི་ཧི་ཧྲའོ་རྫོང་དུ་མུའུ་འབུམ་གཅིག་དང་ཁྲི་གཅིག་གི་སུར་པན་ལ་ལོ་ལེགས་བྱུང་ཡོད་ལ།  ཚང་མས་ལོ་ལེགས་ཀྱི་དགའ་འཛུམ་ཁྲོད་མེས་རྒྱལ་དར་རྒྱས་སྟོབས་འབྱོར་ལྡན་པའི་སྨོན་འདུན་ཞུ་བཞིན་ཡོད།

སྐྱོད་ལམ་གསར་པའི་སྟེང་།  ང་ཚོའི་མདུན་ལམ་ལ་འོད་སྟོང་ལྡན་མོད།   འོན་ཀྱང་དཀའ་ཚེགས་ཀྱང་ཆེ་བ་རེད།  སྤྱི་ཁྱབ་ཧྲུའུ་ཅིའི་བདེན་འཚོལ་དངོས་གཉེར་དང་ཡིད་ཆེས་ཀྱིས་ཁེངས་པའི་གསུང་བཤད་ཀྱིས་ལས་རིགས་སོ་སོའི་ངལ་རྩོལ་བ་རྣམས་ཀྱིས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སྐྱོད་ལམ་གསར་པའི་སྟེང་མུ་མཐུད་འབད་འཐབ་དང་འབད་འབུངས་ཡར་བརྩོན་བྱེད་པར་སྐུལ་མ་གནང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།  ང་ཚོས་མུ་མཐུད་དུ་ཆ་ཚང་ཞིང་ཡང་དག་པ།  བློ་བརྟན་འགྱུར་མེད་སྒོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་།   རྒྱལ་གཅེས་པས་ཞང་ཀང་སྐྱོང་བ་དང་རྒྱལ་གཅེས་པས་ཨོ་མིན་སྐྱོང་བའི་རྩ་དོན་དོན་འཁྱོལ་བྱས་ཏེ་ཞང་ཀང་དང་ཨོ་མིན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ལ་རྒྱབ་སྐྱོར་བྱེད་དགོས།

                                                                                                    ལྷ་མོ་ཚེ་རིང་གིས་བསྒྱུར།