སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོར་མི་དམངས་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་པེ་ཅིང་ནས་གཟབ་རྒྱས་ངང་སྤེལ།
2023.10.01 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 95

ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་པེ་ཅིང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་ནས་གཟབ་རྒྱས་ངང་སྤེལ། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚེ་ཆི། ཏེན་ཞོས་ཞང་། ལིས་ཞི། ཧན་ཀྲིན་སོགས་ལས་རིགས་སོ་སོའི་འཐུས་མི་དང་མཉམ་དུ་མཛད་སྒོར་ཞུགས།

ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་པེ་ཅིང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་ནས་གཟབ་རྒྱས་ངང་སྤེལ། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚེ་ཆི། ཏེན་ཞོས་ཞང་། ལིས་ཞི། ཧན་ཀྲིན་སོགས་ལས་རིགས་སོ་སོའི་འཐུས་མི་དང་མཉམ་དུ་མཛད་སྒོར་ཞུགས།

ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་པེ་ཅིང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་ནས་གཟབ་རྒྱས་ངང་སྤེལ། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚེ་ཆི། ཏེན་ཞོས་ཞང་། ལིས་ཞི། ཧན་ཀྲིན་སོགས་ལས་རིགས་སོ་སོའི་འཐུས་མི་དང་མཉམ་དུ་མཛད་སྒོར་ཞུགས།

ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་པེ་ཅིང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་ནས་གཟབ་རྒྱས་ངང་སྤེལ། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚེ་ཆི། ཏེན་ཞོས་ཞང་། ལིས་ཞི། ཧན་ཀྲིན་སོགས་ལས་རིགས་སོ་སོའི་འཐུས་མི་དང་མཉམ་དུ་མཛད་སྒོར་ཞུགས།

སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོར་མི་དམངས་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར་པེ་ཅིང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་ནས་གཟབ་རྒྱས་ངང་སྤེལ། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚེ་ཆི། ཏེན་ཞོས་ཞང་། ལིས་ཞི། ཧན་ཀྲིན་སོགས་ལས་རིགས་སོ་སོའི་འཐུས་མི་དང་མཉམ་དུ་མཛད་སྒོར་ཞུགས།

ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་ནི་རང་རྒྱལ་གྱི་སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོ་ཐེངས་བཅུ་བ་རེད། རྔམ་བརྗིད་ལྡན་པའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ། ཚོན་མདངས་རྣམ་པར་བཀྲ་བའི་སྐར་ལྔའི་དར་དམར་མཐོན་པོར་ལྷབ་ལྷུབ་བསྐྱོད་བཞིན་ཡོད། ཐང་ཆེན་གྱི་དཀྱིལ་དུ། མེས་རྒྱལ་ལ་སྨོན་འདུན་ཞུ་ཞེས་པའི་མེ་ཏོག་སི་ར་ལས་རྒྱལ་ཁབ་ཀྱི་དར་རྒྱས་སྟོབས་འབྱོར་ཐད་ཀྱི་སྨོན་འདུན་བཟང་བོ་མངོན་པར་མཚོན་ཡོད། མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་བརྗིད་རྔམ་གྱིས་འགྱིངས་ཤིང་། བྱང་ངོས་ཀྱི་མེ་ཏོག་འཇོག་སའི་སྟེགས་བུའི་སྟེང་ལུག་མིག་མེ་ཏོག་དཀར་པོ་སོགས་ཀྱིས་གྲུབ་པའི་མེ་ཏོག་གི་སི་ར་བཅོ་བརྒྱད་སྒྲིག་ཡོད་ལ། ཀྲུང་ཧྭའི་བུ་དང་བུ་མོ་ཚང་མས་སྔོན་གཤེགས་དཔའ་བོར་བཅངས་པའི་བརྩེ་བ་ཟབ་མོ་མཚོན་ཡོད།

སྔ་དྲོའི་དུས་ཚོད་བཅུ་ལ་ཉེ་དུས། ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚེ་ཆི། ཏེན་ཞོས་ཞང་། ལིས་ཞི། ཧན་ཀྲིན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ཏེ། མི་དམངས་ཀྱི་དཔའ་བོར་མེ་ཏོག་ཕྲེང་བ་འབུལ་བའི་མཛད་སྒོར་ཞུགས།

ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་རོལ་དབྱངས་ཚོགས་པའི་དུང་ཆུང་འབུད་མཁན་གྱིས་བརྩེ་བ་ཟབ་མོ་ལྡན་པའི་སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོའི་དུང་བརྡ་བུས།

གུས་ལུགས་དམག་གིས་གྲ་སྒྲིག་བྱས་ཞེས་པའི་བཀའ་བསྒྲགས་པ་དང་བསྟུན་ནས། དམག་གསུམ་གཟབ་སྦྲེང་རུ་ཁག་གོམ་སྟབས་བརྟན་པོས་རྗེས་དྲན་རྡོ་རིང་གི་མདུན་དུ་སོང་ནས་མེ་མདའ་བཟུང་སྟེ་ཀྲོང་ངེར་ལངས་ནས་བསྡད།

དུས་ཚོད་བཅུའི་སྟེང་། མི་དམངས་ཀྱི་དཔའ་བོར་མེ་ཏོག་ཕྲེང་བ་འབུལ་བའི་མཛད་སྒོ་དེ་དངོས་སུ་མགོ་བརྩམས། དམག་དཔུང་རོལ་དབྱངས་ཚོགས་པས་དང་བླངས་དམག་གི་མདུན་སྐྱོད་གླུ་གཞས་རྡུང་དཀྲོལ་བྱས་པ་དང་། ཚོགས་ར་ཧྲིལ་བོས་སྐད་གསེང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། རྒྱལ་གླུ་བླངས་ཚར་རྗེས། ཚོགས་ར་ཧྲིལ་བོས་ཀྲུང་གོའི་མི་དམངས་བཅིངས་འགྲོལ་ལས་དོན་དང་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལས་དོན་ཆེད་དུ་དཔའ་མཛངས་ཀྱིས་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས།

མྱ་ངན་ཞུས་རྗེས། ལག་ཏུ་མེ་ཏོག་བཟུང་བའི་ན་ཆུང་བྱིས་པ་དག་གིས་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་གདོང་གཏད་དེ་སྐད་གསེང་མཐོན་པོས་ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུད་འཛིན་པ་ཡིན་ཞེས་པའི་གླུ་དབྱངས་བླངས་ཏེ་ན་གཞོན་གདོང་ལེན་རུ་ཁག་གི་གུས་འདུད་ཞུས།

གྲལ་སྒྲིག་པའི་རུ་དཔུང་གི་མདུན་དུ། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། དམངས་གཙོ་ཏང་ཁག་སོ་སོ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་རྒྱལ་གཅེས་མི་སྣ། མི་དམངས་ཚོགས་པ་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས། འཐབ་མོ་བ་རྒན་པ། བློ་མཐུན་རྒན་པ། སྔོན་གཤེགས་དཔའ་བོའི་ཁྱིམ་མི། ཀྲུང་གོའི་ན་གཞོན་གདོང་ལེན་རུ་ཁག་བཅས་ཀྱི་མིང་ཐོག་ནས་ཕུལ་བའི་མེ་ཏོག་གི་སི་ར་ཆེན་མོ་དགུ་རིམ་པར་བསྟར་ཡོད་ལ། མེ་ཏོག་གི་སི་རའི་དར་ཐག་དམར་པོའི་སྟེང་དུ་མི་དམངས་དཔའ་བོ་ཇི་སྲིད་བར་ཉམས་པ་མེད་ཅེས་པའི་ཡིག་འབྲུ་གསལ་བོར་བྲིས་འདུག

དམག་དཔུང་གི་རོལ་དབྱངས་ཚོགས་པས་མེ་ཏོག་ཕྲེང་བ་འབུལ་བའི་རོལ་དབྱངས་རྡུང་དཀྲོལ་བྱས་པ་དང་། གུས་ལུགས་དམག་མི་བཅོ་བརྒྱད་ཀྱིས་མེ་ཏོག་གི་སི་ར་བཏེགས་ནས་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་གི་མདུན་དུ་སོང་ནས་མེ་ཏོག་གི་སི་ར་དག་རྗེས་དྲན་རྡོ་རིང་གི་གཞི་སྟེགས་སུ་བཤམས།

ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དལ་མོར་རྗེས་དྲན་རྡོ་རིང་གི་གཞི་སྟེགས་སུ་བུད་དེ། མེ་ཏོག་གི་སི་རའི་མདུན་དུ་ཀྲོང་ངེར་བཞེངས་ནས་བསྡད། རྣམ་པར་བཞད་པའི་མེ་ཏོག་སྣ་ཚོགས་ལས་མི་དམངས་དཔའ་བོར་བཅངས་པའི་བླ་མེད་ཀྱི་གུས་འདུད་མཚོན་ཡོད།

ཞི་ཅིན་ཕིང་མདུན་སར་ཕེབས་ནས་མེ་ཏོག་སི་རའི་སྟེང་གི་དར་ཐག་དམར་པོར་ཞིབ་ཏུ་ལེགས་སྒྲིག་མཛད། དེའི་རྗེས་སུ་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་བསྐོར་བ་བརྒྱབ་ནས་ཞལ་མཇལ་བྱས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དེ་ལོ་རྒྱུས་ཀྱི་གནས་ཐིག་གསར་བའི་སྟེང་ལངས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་པ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རླབས་ཆེན་ཇུས་གཞི་འཆར་འགོད་བྱས་ཡོད་ལ། བཞུད་ལམ་གསར་བར་འབད་པས་བསྐྱོད་པའི་དུས་རབས་ཀྱི་དུང་ཟླ་བཏང་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་བྱས་ཤིང་འབད་འཐབ་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བཞུད་ལམ་གསར་བའི་སྟེང་འབད་འཐབ་བརྩོན་ལེན་བྱས་ཏེ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་དགོས།

ན་ཆུང་བྱིས་པ་དང་ལས་རིགས་སོ་སོའི་འཐུས་མི་དག་ཀྱང་རིམ་པ་བཞིན་དུ་རྗེས་དྲན་རྡོ་རིང་མདུན་དུ་སོང་ནས། མེ་ཏོག་ཕུལ་བར་མ་ཟད་རྗེས་དྲན་རྡོ་རིང་ལ་ཞལ་མཇལ་བྱས།

མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། པེ་ཅིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཡུན་ལི་ཡིས་མགོ་འཛིན་བྱས།

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་རྒྱལ་སྲིད་ཨུ་ཡོན་སྐོར་ཞིག་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སྐོར་ཞིག་མཛད་སྒོར་ཞུགས། ཀྲུང་དབྱང་ཏང་སྲིད་དམག་གསུམ་དང་མང་ཚོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་གཙོ་བོ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། པེ་ཅིང་དུ་ཡོད་པའི་འཐབ་མོ་བ་རྒན་པ་དང་། བློ་མཐུན་རྒན་པ། སྔོན་གཤེགས་དཔའ་བོའི་ཁྱིམ་མིའི་འཐུས་མི། པེ་ཅིང་དུ་ཡོད་པའི་བྱས་རྗེས་གཟེངས་རྟགས་ཐོབ་མཁན་གྱི་འཐུས་མི། རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ལྟ་ཞིབ་ཚོགས་པའི་ཁོངས་མི། རྒྱལ་སའི་ལས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་མི་བཅས་མཛད་སྒོར་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།