སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་དོན་བཞི་འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་ས་ཁུལ་སོ་སོའི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།  
2023.10.01 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 40

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་དོན་བཞི་འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་ས་ཁུལ་སོ་སོའི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།   ཚང་མས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་།   ཀྲུང་གོ་མི་དམངས་དུང་ཕྱུར་བཅུ་བཞི་ལྷག་སྐྱོད་ལམ་གསར་པར་འབད་པས་བསྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ཁྲོད་དུ། ལོ་ངོ་དོན་བཞིའི་རིང་ལ་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་དང་དཀའ་སྤྱད་འབད་འཐབ་བྱས་ནས་བླངས་པའི་གྲུབ་འབྲས་ཆེན་པོར་ཕྱིར་དྲན་བྱས་པ་དང་།   ད་ལོའི་ཚུན་ལ་བླངས་པའི་ཐོབ་སླ་མོ་མིན་པ་དང་ངར་སེམས་ཆེར་སྐྱེད་ཀྱི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་གནང་།  ཚང་མས་ཏང་གི་འགོ་ཁྲིད་འོག་ཏུ་ང་ཚོའི་མདུན་ལམ་སྔར་ལས་རྒྱ་ཆེ་ཞིང་འོད་སྟོང་ལྡན་ཞེས་བསྟན།

ད་ལོའི་ཚུན་ལ།  ང་ཚོས་ཕྱི་ཕྱོགས་སྒོ་འབྱེད་དང་ཚན་རྩལ་གསར་སྐྲུན།   ལྗང་མདོག་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་སྤྱིའི་ཆ་ནས་བཟང་ཕྱོགས་སུ་འཕེལ་བཞིན་ཡོད།   སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱིས་འབད་འཐབ་བྱེད་བཞིན་པའི་མི་རྣམས་ལ་སྐུལ་ལྕག་གནང་།   ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་སྐབས་སུ།    ཐེན་ཅིན་གྲུ་ཁར་སྔར་བཞིན་བྲེལ་བ་ཆེ་ལ།   ཨན་ཧོས་ཧི་ཧྥེ་ཡི་ཚན་རིག་གླིང་ཕྲན་སྟེང་སྐོར་གསར་པའི་ཚོད་ལྟ་བྲེལ་མྱུར་ངང་སྤེལ་བཞིན་ཡོད།   རྨ་ནུབ་དོག་ལམ་གྱི་པ་ཏན་ཅི་ལིན་བྱེ་ཐང་དུ་ཚང་མ་བྱེ་བཅོས་ནགས་སྐྲུན་གྱི་ལས་དོན་ལ་བྲེལ་བཞིན་འདུག

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།   ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བར་དམིགས་ནས་ཕྱོགས་ཡོངས་བཅོས་སྒྱུར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་དགོས་པ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།   བཅོས་སྒྱུར་བྱེད་མཚམས་མི་འཇོག་པ་དང་སྒོ་འབྱེད་བྱེད་མཚམས་འཇོག་མི་རུང་།   མིག་སྔར།   ཧྲང་ཧེ་རང་མོས་ཉོ་ཚོང་ཁུལ་དུ་ཆུ་ཚད་མཐོ་བའི་སྒོ་འབྱེད་ཚོད་ལྟ་བྱེད་བཞིན་ཡོད་པ་དང་།   ཀོང་ཀྲིག་ནན་ཧྲ་ཡིས་འཛམ་གླིང་ལ་ཁ་ཕྱོགས་པའི་འཐབ་ཇུས་སྟེགས་བུ་གལ་ཆེན་འཛུགས་སྐྲུན་བྱེད་བཞིན་ཡོད།

                                                                                                 ལྷ་མོ་ཚེ་རིང་གིས་བསྒྱུར།