ཟླ་བཅུ་པའི་ཚེས་གཅིག་ཉིན་པར་དུ་བསྐྲུན་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་བཅུ་དགུ་པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ན་འབྲེལ་བ་གཙོ་བོ་ཁ་ཤས་ཐག་གཅོད་བཟང་བོ་དགོས་ཞེས་པ་སྤེལ།
རྩོམ་ཡིག་ལས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་མ་ལག་བཟོ་སྐྲུན་ཞིག་ཡིན་པས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག མ་ལག་འཆར་འགོད། ཕྱོགས་བསྡུས་སྐུལ་འདེད་བཅས་བྱས་ཏེ་འབྲེལ་བ་གཙོ་བོ་རབ་དང་རིམ་པ་ཐག་གཅོད་བཟང་བོ་བྱེད་དགོས།
རྩོམ་ཡིག་ནང་གཙོ་བོ་ཕྱོགས་དྲུག་ཐད་ནས་ནན་སྟོན་བྱས་ཡོད་དེ། གཅིག་ནི་མཐོ་རིམ་ཇུས་འགོད་དང་ལག་ལེན་འཚོལ་ཞིབ་བར་གྱི་འབྲེལ་བ་རེད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་བཅས་ལ་གསལ་བཤད་ཟབ་མོ་བྱས་ཡོད་པ་དང་། དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་མཐོ་རིམ་ཇུས་འགོད་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དུས་རིམ་དང་ཁྱབ་ཁོངས་བགར་ནས་སྐུལ་འདེད་གཏོང་དགོས་པ་ཞིག་ཡིན་ལ། དུས་རིམ་སོ་སོའི་འཕེལ་རྒྱས་དམིགས་འབེན་དང་ཁྱབ་ཁོངས་སོ་སོའི་འཕེལ་རྒྱས་འཐབ་ཇུས་མངོན་འགྱུར་བྱེད་པར་ཡང་མཐོ་རིམ་ཇུས་འགོད་བྱེད་དགོས་པ་ཡིན། དེ་དང་མཉམ་དུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་འཚོལ་ཞིབ་རང་བཞིན་གྱི་ལས་དོན་ཞིག་ཡིན་ཞིང་། ཤེས་རྟོགས་བྱུང་མེད་པའི་ཁྱབ་ཁོངས་མང་པོར་ང་ཚོས་ལག་ལེན་བརྒྱུད་དེ་སྤོབས་པ་ཆེན་པོས་འཚོལ་ཞིབ་བྱེད་དགོས་པ་དང་། བཅོས་སྒྱུར་གསར་སྐྲུན་བརྒྱུད་དེ་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་ལས། རྟགས་བཏབ་གྲུ་འཚོལ་དང་སྡོང་རྩར་རི་བོང་སྒུག་པ་ལྟ་བུ་བྱེད་མི་རུང་། གཉིས་ནི་འཐབ་ཇུས་དང་ཐབས་ཇུས་བར་གྱི་འབྲེལ་བ་རེད། འཐབ་ཇུས་དང་ཐབས་ཇུས་ནི་ང་ཚོའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་འཛམ་གླིང་བསྒྱུར་བཀོད་དང་ལག་ལེན་གསར་བསྒྱུར། ལོ་རྒྱུས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་ལྡན་མཚོན་ཆ་ཡིན། འཐབ་ཇུས་ཀྱི་སྔོན་མཐོང་རང་བཞིན་དང་གཏན་འཇགས་རང་བཞིན་ཇེ་དྲག་གཏོང་བ་དང་། ལོ་རྒྱུས་དང་དངོས་ཡོད། མ་འོངས་པ་བཅས་མཉམ་བསྲེས་བྱེད་པ། ཀྲུང་གོ་དང་འཛམ་གླིང་འབྲེལ་མཐུད་བྱས་ཏེ་ང་ཚོས་གཏན་འབེབས་བྱས་པའི་འཐབ་ཇུས་དོན་དངོས་དང་མཐུན་པ་དང་ཕན་ནུས་ཐོན་པར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྟོབས་དང་ལྡན་པའི་འཐབ་ཇུས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། ཐབས་ཇུས་ཀྱིས་འཐབ་ཇུས་ལག་བསྟར་བྱེད་པར་ཚན་རིག་གི་བྱེད་ཐབས་འདོན་སྤྲོད་བྱེད་བཞིན་ཡོད། འཐབ་ཇུས་ཀྱི་རྩ་དོན་རང་བཞིན་དང་ཐབས་ཇུས་ཀྱི་བབ་བསྟུན་རང་བཞིན་ནུས་ལྡན་སྦྲེལ་མཐུད་བྱེད་པ་དང་། གང་ལ་ཅི་འཚམ་དང་བབ་བསྟུན་འཕྲལ་འགྱུར། འཕྲལ་བསྟུན་ཐག་གཅོད་བཅས་བྱས་ཏེ་ཡུལ་བབ་དང་བསྟུན་པ་དང་བབ་བསྟུན་འགུལ་སྐྱོད་ཁྲོད་དུ་འཐབ་ཇུས་གྱི་རང་འགུལ་ཁོང་དུ་ཆུད་པར་བྱེད་དགོས། གསུམ་ནི་དག་སྲུང་དང་གསར་གཏོད་བར་གྱི་འབྲེལ་བ་རེད། དག་སྲུང་གསར་གཏོད་ནི་ང་ཚོའི་ཏང་གིས་དུས་རབས་གསར་པར་རྒྱལ་སྐྱོང་སྲིད་འཛིན་བྱེད་པའི་བསམ་བློའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཚོལ་ཞིབ་ནི་རྒྱུན་འཛིན་ཁྲོད་འཕེལ་རྒྱས་གཏོང་བ་དང་དག་སྲུང་ཁྲོད་གསར་གཏོད་བྱེད་པའི་ལོ་རྒྱུས་བརྒྱུད་རིམ་ཞིག་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐྱོད་ལམ་གསར་པའི་སྟེང་། ཐོག་མར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བ་དང་འབྱུང་ཁུངས། གཞི་རྩ་དང་བླ་སྲོག་སྲུང་འཛིན་བྱེད་དགོས་པ་དང་། འགྱུར་བ་སྤུ་ཙམ་ཡང་མེད་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་བཅས་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡང་དག་པའི་ཁ་ཕྱོགས་ལ་འགན་སྲུང་བྱེད་དགོས། དེ་དང་མཉམ་དུ། གསར་གཏོད་བྱེད་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འབུར་ཐོན་གོ་གནས་སུ་འཇོག་དགོས་པ་དང་། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པར་བྱེད་པ། གཞུང་ལུགས་གལ་ཆེན་དང་ལག་ལེན་གནད་དོན་གལ་ཆེན་ཐག་གཅོད་པར་དམིགས་པ། འགྱུར་ལྡོག་ཤེས་པ་དང་འགྱུར་ལྡོག་དང་བསྟུན་པ། གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད། དེ་མིན་ཕྱོགས་སོ་སོའི་ཐད་ཀྱི་གསར་གཏོད་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་བཏོད་པ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་བསྐྲུན་དགོས། བཞི་ནི་ལས་ཕྱོད་དང་འདྲ་མཉམ་བར་གྱི་འབྲེལ་བ་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མ་རྩ་རིང་ལུགས་ལས་མཐོ་བའི་ལས་ཕྱོད་བསྐྲུན་དགོས་པ་དང་། སྔར་ལས་ནུས་ལྡན་སྒོས་སྤྱི་ཚོགས་ཀྱི་འདྲ་མཉམ་སྲུང་སྐྱོབ་བྱེད་དགོས་ལ། ལས་ཕྱོད་དང་འདྲ་མཉམ་ཕན་ཚུན་ལྟ་རྟོག་དང་ཕན་ཚུན་སྐུལ་འདེད། ཕན་ཚུན་གཅིག་གྱུར་བྱེད་དགོས། ལྔ་ནི་གསོན་ཤུགས་དང་སྒྲིག་ལམ་བར་གྱི་འབྲེལ་བ་རེད། དེང་རབས་ཅན་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ། འབྲེལ་བ་དེ་ཐག་གཅོད་བཟང་བོ་བྱེད་རྒྱུ་ནི་འཛམ་གླིང་རང་བཞིན་གྱི་དཀའ་གནད་ཅིག་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་གསོན་ཤུགས་ལྡན་ཞིང་རྙོག་འཛིང་མིན་པ་དང་གསོན་ཤུགས་ལྡན་ཞིང་སྒྲིག་ལམ་ཡོད་པའི་འགུལ་རྣམ་དོ་སྙོམས་མངོན་འགྱུར་བྱེད་འོས་ལ་མངོན་འགྱུར་བྱེད་ཐུབ་ངེས་ཀྱང་ཡིན། དྲུག་ནི་རང་སྟོབས་རང་སྤེལ་དང་ཕྱི་ཕྱོགས་སྒོ་འབྱེད་བར་གྱི་འབྲེལ་བ་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་རང་བཙན་རང་བདག་དང་རང་སྟོབས་རང་སྤེལ་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་དེ་རང་གི་སྟོབས་ཤུགས་ཀྱི་རྨང་གཞིའི་སྟེང་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། རང་རྒྱལ་འཕེལ་རྒྱས་ཡར་ཐོན་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དགོས་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་བར་སྟོང་རྒྱ་བསྐྱེད་དགོས།
ལྷ་མོ་ཚེ་རིང་གིས་བསྒྱུར།