ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་ཁོངས་གཏོགས་ཀྱི་གསར་འགྱུར་དྲིལ་སྒྲོག་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། དམངས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་བྱ་བའི་གྲུབ་འབྲས་དང་ཁྱད་ཆོས་སྤྱི་བསྡོམས་བྱས་པ་དང་། ཉམས་མྱོང་དང་བྱེད་ཐབས་བརྗེ་རེས་བྱས་པར་མ་ཟད། གནས་པའི་གནད་དོན་དང་མི་འདང་སར་དབྱེ་ཞིབ་བྱས་པ་དང་། གོ་རིམ་རྗེས་མའི་བྱ་བ་གཙོ་བོ་གཏན་འཁེལ་གསལ་བོ་བྱས།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཉིས་སྟོང་ཉེར་གསུམ་ལོའི་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་ཁོངས་གཏོགས་ཀྱི་གསར་འགྱུར་དྲིལ་སྒྲོག་བྱ་བས་དམངས་ཆེན་ཆབ་སྲིད་ལས་ཁུངས་ཀྱི་དབྱངས་རྟ་གཙོ་བོ་དམ་འཛིན་བྱས་ཤིང་། དམངས་ཆེན་ཁོངས་གཏོགས་ཀྱི་རིག་གནས་དྲིལ་སྒྲོག་གི་གཞི་གདངས་གཙོ་བོ་དར་སྤེལ་བྱས་པ་དང་། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་གཡུལ་ས་གཙོ་བོ་སྲ་བརྟན་དུ་བཏང་ཡོད་ལ། དམངས་ཆེན་བྱ་བའི་ཚོང་རྟགས་གཙོ་བོ་རྒྱ་བསྐྱེད་བྱས་ཡོད།
དམངས་ཆེན་དེ་ཏང་གི་མགོ་ཁྲིད་འོག་གི་ཆབ་སྲིད་ལས་ཁུངས་གལ་ཆེན་ཞིག་ཡིན་པའི་ཆ་ནས། སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ལངས་གནས་མཐོར་འདེགས་བྱས་ཤིང་། མངོན་པར་གསལ་བའི་ཆབ་སྲིད་ཁ་ཕྱོགས་དང་འགན་འཁྲིའི་ཁག་ཁུར་དྲག་པོས་དུས་རབས་གསར་བའི་དམངས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་བྱ་བར་སྣེ་ཁྲིད་བྱེད་དགོས་པ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་། དམངས་གཙོ་བཅོས་སྐྱོང་། ལྟ་རྟོག་བྱ་བ། འཐུས་མིའི་བྱ་བའི་དྲིལ་སྒྲོག་བཅས་འབུར་དུ་ཐོན་པར་བྱས་ཏེ། ཡང་དག་པའི་གསར་འགྱུར་གྱི་ལྟ་ཕྱོགས་དང་སྒྲོག་སྤེལ་བྱེད་ཐབས་གསར་བས་དུས་རབས་གསར་བའི་དམངས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་བྱ་བ་ལེགས་བཅོས་བྱེད་དགོས།
གྲོས་ཚོགས་ནས་ཕུགས་བསམ་འདུ་ཤེས་བརྟན་པོ་དང་བསམ་བློའི་འགོག་ཐིག་སྲ་བརྟན། འཐབ་འཛིང་སྙིང་སྟོབས་དྲག་པོ་བཅས་ལ་བརྟེན་ནས་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས་པ་དང་། བརྟན་སྲུང་བྱེད་པར་འགན་ཁུར་ཡོད་ལ་བརྟན་སྲུང་བྱེད་པར་འགན་ཁུར་བ། བརྟན་སྲུང་བྱེད་པར་འགན་འཁྲི་མཐའ་འཁྱོལ་བྱེད་དགོས་ལ། ཆབ་སྲིད་ཁ་ཕྱོགས་དམ་འཛིན་ཡང་དག་དང་མང་ཚོགས་ཀྱི་ལང་ཕྱོགས་གཏན་སྲུང་བྱེད་པ། མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ། སེམས་དང་བརྩེ་བ་ཆེན་པོས་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་དམངས་ཆེན་གཏམ་རྒྱུད་བརྗོད་དེ། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། དུས་རབས་གསར་བའི་དམངས་ཆེན་བྱ་བའི་འཕེལ་རྒྱས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།
གྲོང་ཁྱེར་དང་ཁུལ་སོ་སོ་དང་། རྫོང་དང་ས་ཁུལ་སྐོར་ཞིག་གི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་དང་། ཞིང་ཆེན་དམངས་ཆེན་དྲིལ་སྒྲོག་པུའུ་དང་ཞིང་ཆེན་ལྟེ་གནས་ཀྱི་སྨྱན་བྱད་གཙོ་བོའི་འབྲེལ་ཡོད་འགན་ཁུར་བ་བཅས་གྲོས་ཚོགས་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།