ས་ཁུལ་སོ་སོས་དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་བསྐྲུན་པ་བཅས་ཀྱི་སྤྱིའི་བླང་བྱར་དམ་དུ་དམིགས་ཏེ་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་ཏན་ཏིག་གིས་སྤེལ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་དང་ནུས་ཡོད་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་།
བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པའི་ཁྲོད་དུ། ཐེན་ཅིན་གྱིས་ཏང་ཡོན་ལས་བྱེད་པ་རྣམས་དཔེ་ཀློག་འཛིན་གྲྭ་དང་གཞུང་ལུགས་སློབ་སྦྱོང་ཚན་ཆུང་ཁྲོད་ཞུགས་པར་རྩ་འཛུགས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་ཟབ་མོ་བྱས་པ་དང་། ཆུའུ་བཅུ་དྲུག་གི་གཞི་རིམ་ཏང་རྩ་འཛུགས་ཀྱིས་རང་སོ་སོའི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཆེད་དོན་བརྗེ་རེས་གྲོས་མོལ་བྱས་ནས་ཏང་གི་གསར་གཏོད་གཞུང་ལུགས་ལ་སློབ་སྦྱོང་ནན་མོ་དང་གོ་བ་ཡང་དག་བླངས།
ཧྲའན་ཞི་ཡིས་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པར་ཚན་རིག་ལྟར་འཆར་འགོད་དང་སེམས་ཞིབ་མོས་རྩ་འཛུགས་བྱས་ཏེ་ཏང་ཡོན་ལས་བྱེད་པས་རང་འགུལ་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྤྱད་དེ་བྱ་བ་སོ་སོར་མཛབ་སྟོན་བྱེད་པར་ཁྲིད་སྟོན་བྱས། ཞི་ཨན་དུ་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་བརྗོད་དོན་སློབ་གསོ་དང་བྱ་བ་གཙོ་བོ་གཉིས་མཐུན་སྦྱོར་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགུལ་སྐྱོད་དུ་བསྒྱུར།
ཅང་ཞི་ཡིས་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ལྟ་ཞིབ་དག་བཅོས་བཅས་ལ་གཅིག་གྱུར་སྐུལ་འདེད་བཏང་། ནན་ཁྲང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་དང་ཆེད་དོན་ཏང་གི་སློབ་ཁྲིད་རྩ་འཛུགས་བྱས་ཏེ་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱས་པར་མ་ཟད། བརྟག་དཔྱད་ཞིབ་འཇུག་འཆར་གཞི་གཏན་འབེབས་བྱས། ཏི་ཨན་རྫོང་གིས་ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་གི་སློབ་གྲྭ་དང་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་ལ་བརྟེན་ནས་ཏང་ཡོན་སློབ་སྦྱོང་ཕྱོགས་ཡོངས་ལ་ཁེབས་པར་འགན་སྲུང་བྱས། དེ་དང་མཉམ་དུ། རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གེགས་རྒྱ་ཡོད་པའི་དཀའ་གནད་དང་འགག་གནད་ལེགས་སྒྲིག་བྱས་ཏེ་གནད་དོན་ཐག་གཅོད་དང་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་།
ཀོང་ཞི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་སྟོན་གནང་བའི་སྔར་ལས་གཙིགས་སུ་འཛིན་པ་ལྔའི་བླང་བྱ་གལ་ཆེན་སློབ་སྦྱོང་ནན་མོ་དང་ལག་བསྟར་དོན་འཁྱོལ་བྱས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གྲོས་ཚོགས་གསུམ་དང་སློབ་ཁྲིད་གཅིག་དང་བརྗོད་དོན་ཏང་གི་ཉིན་མོ་སོགས་བྱེད་ཐབས་སྣ་མང་བརྒྱུད་དེ་གཞུང་ལུགས་རྨང་གཞི་སྲ་བརྟན་དུ་བཏང་ལ། སློབ་སྦྱོང་གི་གྲུབ་འབྲས་དེ་ཏང་གཤིས་བསྐྱེད་པ་དང་ནུས་པ་མཐོར་འདེགས་གཏོང་བ། སྤྱོད་ཚུལ་ལེགས་བཅོས། བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་སྟེང་མངོན་པར་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།