སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་སྐབས་སུ་སྐོར་བསྐྱོད་ཏང་ཡོན་དག་ལ་ཕན་ནུས་ལྡན་པའི་དོ་དམ་བྱས་ཏེ་སློབ་སྦྱོང་དམ་འཛིན་བྱེད་ཆེད། ཟླ་དགུ་བའི་ཚེས་ཉེར་དྲུག་ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་རྒྱལ་ཡོངས་ཏང་ཡོན་གྱི་དོ་དམ་བརྡ་འཕྲིན་མ་ལག་གི་སྐོར་བསྐྱོད་ཏང་ཡོན་དོ་དམ་གྱི་ཡན་ལག་མ་ལག་བེད་སྤྱོད་བྱེད་པའི་གསོ་སྦྱོང་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་རྩ་འཛུགས་མི་དོན་སྡེ་ཁག་གི་བྱེ་བྲག་གི་བྱེད་སྒོའི་འགན་ཁུར་བློ་མཐུན་མི་ཉིས་བརྒྱ་གསོ་སྦྱོང་ལ་ཞུགས།
གསོ་སྦྱོང་ཚོགས་འདུའི་སྟེང་དུ། འབྲེལ་ཡོད་མི་སྣས་མ་ལག་ལྡན་པའི་སྒོ་ནས་སྐོར་བསྐྱོད་ཏང་ཡོན་དོ་དམ་གྱི་ཡན་ལག་མ་ལག་གི་བྱེད་སྒོའི་ལས་རིམ་དང་། བཀོལ་སྤྱོད་བྱེད་ཐབས། གཏན་འཁེལ་རེ་བ་སོགས་ནང་དོན་གཙོ་བོ་རྒྱས་འགྲེལ་བྱས་པ་དང་། རྩ་འཛུགས་ཁོངས་གཏོགས་ཀྱི་ཚོགས་ཞུགས་མི་སྣས་ཡུལ་དངོས་ནས་སྦྱོང་བརྡར་བྱས་པར་མ་ཟད་བཀོལ་སྤྱོད་བྱེད་སྐབས་འཕྲད་པའི་དཀའ་ཁག་དང་གནད་དོན་ལ་ལན་གསལ་བོ་བཏབ། ཐེངས་འདིའི་གསོ་སྦྱོང་ལས་ཕན་ནུས་ལྡན་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་ཏང་དོན་བྱ་བ་བྱེད་མཁན་གྱི་རྒྱལ་ཡོངས་ཏང་ཡོན་དོ་དམ་མ་ལག་གི་སྐོར་བསྐྱོད་ཏང་ཡོན་དོ་དམ་གྱི་ཡན་ལག་མ་ལག་གི་བཀོད་སྤྱོད་ཆུ་ཚད་མཐོར་འདེགས་བྱས་ཡོད་པ་དང་། ཟོལ་མེད་ཀྱིས་སྐོར་བསྐྱོད་ཏང་ཡོན་གྱི་དོ་དམ་ཁྲོད་བརྡ་འཕྲིན་ཅན་གྱི་བྱེད་ཐབས་ཀྱི་བེད་སྤྱོད་ལ་སྐུལ་འདེད་བཏང་སྟེ། དེང་ཕྱིན་རང་ཞིང་གིས་སྐོར་བསྐྱོད་ཏང་ཡོན་གྱི་དོ་དམ་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་ཐད་བྱ་བའི་རྨང་གཞི་གལ་ཆེན་བཏིང་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།