ཟླ་བཅུ་པའི་ཚེས་ཚེས་དྲུག་ཉིན་གསར་འགོད་པས་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ནས་ཤེས་རྟོགས་བྱུང་པར་གཞིགས་ན། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་གོ་བཟོ་ཚོགས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དེ་ཟླ་བཅུ་པའི་ཚེས་དགུ་ཉིན་པེ་ཅིང་དུ་འཚོགས་རྒྱུ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་ཚོགས་འདུར་ཞུགས་མཁན་ལ་རྒྱལ་ཡོངས་ས་གནས་ཁག་གི་བཟོ་ཚོགས་དང་ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ། དངུལ་རྩའི་བཟོ་ཚོགས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འཐུས་མི་ཚོགས་པ་སོ་ལྔ་དང་འཐུས་མི་སྟོང་གཉིས་དང་གཉིས་ཡོད་པ་རེད། གཞན་ཡང་ད་དུང་ཆེད་མངགས་གདན་ཞུའི་འཐུས་མི་དྲུག་ཅུ་དང་ཞང་ཀང་དང་ཨའོ་མོན་གྱི་སྐུ་མགྲོན་ལྔ་བཅུ་ཚོགས་ཆེན་ལ་ཞུགས་རྒྱུ་རེད།
ཀྲུང་གོའི་བཟོ་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མིའི་ཁྲོད་གཞི་རིམ་དང་འཐབ་ཕྱོགས་དང་པོའི་ལས་བཟོ་བའི་འཐུས་མིས68.3%བཟུང་བ་དང་།བཟོ་པའི་འཐུས་མིས26.7%བཟུང་ཡོད་པས། བསྡུར་གྲངས་དེ་ཀྲུང་གོའི་བཟོ་ཚོགས་ཀྱི་ཚོགས་ཆེན་བཅུ་བདུན་པའི་སྐབས་དང་བསྡུར་ན་ཚང་མ་མཐོ་རུ་ཕྱིན་ཡོད། མྱུར་སྐྱེལ་པ་དང་ཕྱི་ནས་ཟ་མ་སྐྱེལ་མཁན་གྱི་མི་སྣ། དྲ་ཐོག་ནས་ཁ་ཆད་བྱས་པའི་རླངས་འཁོར་ཁ་ལོ་བ་སོགས་ལས་ཞུགས་ཀྱི་རྣམ་པ་གསར་པའི་ངལ་རྩོལ་པ་འཐུས་མིར་བདམས་པས་འཐུས་མིས་གྲུབ་ཆའི་རྒྱ་ཁྱབ་རང་བཞིན་དང་འཐུས་ཚབ་རང་བཞིན་སྔར་ལས་ཆེ་རུ་ཕྱིན་ཡོད་པ་རེད།
ཀྲུང་གོའི་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ལས་འགན་གཙོ་བོ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ཀྱི་བྱ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། དུས་རབས་གསར་པའི་ལོ་བཅུའི་བཟོ་ཚོགས་ཀྱི་བྱ་བའི་གྲུབ་འབྲས་དང་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱེད་པ། བཟོ་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་བདུན་པ་འཚོགས་ཚུན་གྱི་ལས་དོན་ལ་རྒྱུད་རིམ་ལྡན་པའི་ཕྱོགས་བསྡོམས་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཁྱོན་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བརྟེན་ནས་ཏང་གི་བཟོ་པའི་ལས་དོན་གྱི་ལས་འགན་དང་བཟོ་ཚོགས་ཀྱི་བྱ་གཞག་ལ་རྒྱང་སྐྱོད་ཀྱི་ལས་འགན་གསར་པའི་བླང་བྱ་གསར་པ་དང་རེ་བ་གསར་བ་འདོན་པ། དུས་རབས་གསར་བའི་བགྲོད་ལམ་གསར་བའི་སྟེང་གི་བཟོ་ཚོགས་རྩ་འཛུགས་ཀྱི་ཕྲག་ཏུ་ཡོད་པའི་ལོ་རྒྱུས་ཀྱི་ལས་འགན་དང་བཟོ་ཚོགས་བྱ་བའི་དམིགས་འབེན་འོས་འགན་གཏན་འཁེལ་བཅས་བྱེད་རྒྱུ་པར་མ་ཟད། ཀྲུང་གོ་བཟོ་ཚོགས་ཀྱི་སྒྲིག་ཡིག་ལ་བཟོ་བཅོས་བྱེད་པ་དང་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་གདམ་ཐོན་འབྱུང་རྒྱུ་རེད།
《ཀྲུང་གོའི་བཟོ་ཚོགས་ཀྱི་སྒྲིག་ཡིག》གི་གཏན་འབེབས་ལྟར་ན།ཀྲུང་གོའི་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ལོ་ལྔ་རེར་ཐེངས་རེ་འཚོགས་རྒྱུ་གཏན་འཁེལ་བྱས་ཡོད།
དཔའ་བརྟན་རྒྱལ་གྱིས་བསྒྱུར།