བརྗོད་དོན་སློབ་གསོ་ཐེངས་གཉིས་པ་དངོས་སུ་སྤེལ་བ་ནས་བཟུང་། ས་གནས་སོ་སོས་དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་བཅས་ཀྱི་བླང་བྱ་ལྟར་དུ། སྔར་ལས་བྱེད་ཐབས་ནུས་ལྡན་སྤྱད་དེ་བརྗོད་དོན་སློབ་གསོ་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གང་ལེགས་བཏང་།
ཁྲུང་ཆིན་གྱིས་བརྗོད་དོན་སློབ་གསོ་ཐེངས་གཉིས་པ་སྤེལ་བའི་ཁྲོད་དུ། གཞུང་ལུགས་སྒྲོག་འགྲེལ་དང་གསོ་སྦྱོང་སོགས་བྱས་པ་བརྒྱུད་དེ། ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱས་པར་མ་ཟད། ཆེད་དོན་བགྲོ་གླེང་བརྗེ་རེས་དང་དྲ་ཐོག་ལས་སྟེགས་མཉམ་སྤྱོད་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཏང་ཡོན་གྱི་སློབ་སྦྱོང་ཕན་འབྲས་མངོན་སུམ་གྱིས་ཆེ་རུ་བཏང་།
ཧེ་ལུང་ཅང་གིས་དཔེ་ཀློག་འཛིན་གྲྭ་བསྒྲུབས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། གཞི་རིམ་ཏང་ཀྲི་པུའུ་སོ་སོས“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”དང་། ཏང་གི་བརྗོད་དོན་ཉིན་མོ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སློབ་སྦྱོང་བརྗེ་རེས་བྱས་ཏེ། གཞུང་ལུགས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་།
ཀན་སུའུ་ཡིས་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་བརྟན་པོའི་ངང་སྤེལ་བར་རྩ་འཛུགས་ཞིབ་ཚགས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་བྱེད་པའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་བསྒྲུབས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། གཞུང་ལུགས་སློབ་སྦྱོང་དམ་འཛིན་ནན་མོ་བྱས། ལན་ཀྲིག་གྲོང་ཁྱེར་གྱི་གཞི་རིམ་ཏང་ཀྲི་པུའུ་ཁྲི་གཅིག་ལྷག་གིས་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཏང་ཡོན་ཚོགས་ཆེན་དང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་། ཏང་ཚན་ཆུང་གི་ཚོགས་འདུ་བཅས་ཀྱི་ངོས་ནས་སློབ་སྦྱོང་དང་གྲོས་བསྡུར་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ལ་སློབ་སྦྱོང་གཏིང་ཟབ་བྱས།
མཚོ་སྔོན་གྱིས་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བར་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་སྤྱི་འདོམས་གང་ལེགས་བྱས་ཏེ། གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་དཔེ་ཀློག་འཛིན་གྲྭ་དང་ཆེད་དོན་ཏང་གི་སློབ་ཚན་སོགས་རྩ་འཛུགས་བྱས་པ་བརྒྱུད། ཏང་ཡོན་ལས་བྱེད་པས་རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྤྱད་དེ་ལས་དོན་ཁག་སོ་སོར་མཛུབ་སྟོན་བྱ་རྒྱུར་ཁྲིད་སྟོན་བྱས་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་བཏང་།
བན་དེ་སྐྱབས་ཀྱིས་བསྒྱུར།