ཟླ་བཅུ་བའི་ཚེས་བཅུ་ཉིན། ཞིང་ཆེན་སྐབས་བཅུ་བཞི་བའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་བཅུ་དྲུག་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པར་མ་ཟད། ཨུ་ཡོན་ཀྲའོ་ལི་ཅི་ཡི་སྐབས་བཅུ་བཞི་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་དང་རྒྱལ་ཡོངས་ས་གནས་ཀྱི་ཁྲིམས་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལེ་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ་རེ་བ་བཏོན། ཉི་མ་སྒྲོལ་མ་དང་། ཀྲང་ཧོང་ཡོན། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས། ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་དུ་ཞུགས།
གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལས་ཕྱོགས་ཡོངས་ནས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་བཅོས་བསྒྱུར་ནང་ཞུགས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་བ། སྐོར་ཞིབ་དང་དྲིལ་སྒྲོག་བསམ་བློའི་རིག་གནས། བུད་མེད་དང་བྱིས་པ། དུས་རབས་གསར་བའི་གཞུང་སྒྲུབ་ཐིན་གྱི་བྱ་བ་སོགས་བཟང་བོར་བསྒྲུབ་པའི་ཐད་བཀོད་སྒྲིག་བྱས་པ་དང་། བྱ་བའི་རེ་བ་བཏོན་ཡོད་པ་དེར་སློབ་སྦྱོང་བྱས་ནས་གོ་བ་ལེན་པ་དང་ནན་ཏན་གྱིས་ལག་ལེན་དངོས་འབེབས་བྱེད་དགོས་ཟེར།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ལྷག་བསམ་ཟོལ་མེད་ཀྱིས་གཏན་ཕབ་གཉིས་ཀྱི་ཆབ་སྲིད་གྲུབ་འབྲས་དེ་མཐའ་གཅིག་ཏུ་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབས་པའི་ཆབ་སྲིད་རང་རྟོགས་སུ་འགྱུར་བར་བྱེད་དགོས། ཆེ་ཕྱོགས་གཉིས་དང་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་འཛིན་བྱས་ཤིང་། ཆབ་སྲིད་ལངས་གནས་མཐོར་འདེགས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་བསྩལ་བའི་འགན་འཁྲིའི་ལས་འགན་གལ་ཆེན་ཁུར་དུ་ལེན་དགོས། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པ་དང་། འཐབ་ཇུས་བཀོད་སྒྲིག་དངོས་འབེབས་བྱས་ནས་གྲུབ་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་རེ་བ་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་དམ་འཛིན་བྱས་ཏེ། ཁྲིམས་འཛུགས་དང་ལྟ་རྟོག་སོགས་ཀྱི་ཐད་ནས་ཞིང་ཆེན་ཡོངས་ཀྱི་དུས་ཚིགས་བཞི་བའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་བཏང་ནས། རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་ཇེ་དྲག་ཏུ་གཏོང་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།