ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་བསྡུས།
2023.10.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

ཟླ་བཅུ་པའི་ཚེས་བཅུ་ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་བཅོ་ལྔ་པ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་ཚོགས་འདུར་མགོ་འཛིན་བྱས་པ་དང་། ཉི་མ་སྒྲོལ་མ་དང་ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ཁྲིན་ཏུང་ཁྲང་བཅས་ཚོགས་འདུར་ཞུགས།

གྲོས་ཚོགས་སྟེང་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་འགོའི་གྲོས་དོན་དང་གྲོས་ཚོགས་བསྡུ་བའི་དུས་ཚོད་སྐོར་གྱི་སྙན་ཞུར་ཉན། གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་གྱི་ཤོང་ཚད་ལས་བརྒལ་བ་བཅོས་སྐྱོང་བྱེད་ཕྱོགས་སྐོར་གྱི་སྲོལ་ཡིག་འཆར་ཟིན་དང་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག་འཆར་ཟིན་མཐའ་ཞུས་བྱ་བའི་གྲ་སྒྲིག་གནས་ཚུལ་སྐོར་ལ་གྲོས་ཞིབ་བྱས་པའི་ཡར་ཞུ་ལ་ཉན་ཞིང་། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག་འཆར་ཟིན་དང་《མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྩིས་བཤེར་ལྟ་སྐུལ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་གྲོས་ཆོད》སོགས་གྲོས་ཆོད་གཏན་འབེབས་མེད་པར་བཟོ་བར་གྲོས་ཞིབ་བྱེད་པའི་སྐོར་གྱི་ཆོད་དོན་འཆར་ཟིན། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་འཆར་ཟིན་དང་། མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག་འཆར་ཟིན། 《མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འགན་ནུས་ལག་བསྟར་དོ་དམ་བྱེད་ཐབས》དང《མཚོ་སྔོན་ཞིང་ཆེན་དམངས་ཆེན་འཐུས་མིའི་འགན་ནུས་ལག་བསྟར་ཚོད་ལྟའི་དོ་དམ་བྱེད་ཐབས》ལ་བཟོ་བཅོས་རྒྱག་པའི་ཆོད་དོན་འཆར་ཟིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དམངས་ཚིས་དོན་དངོས་ལག་བསྟར་བྱེད་པར་དམངས་ཆེན་འཐུས་མིསའདེམས་ཤོག་འཕངས་ནས་ཐག་གཅོད་པའི་ལམ་ལུགས་ལག་བསྟར་སྐོར་གྱི་ཆོད་དོན་འཆར་ཟིན་གྱི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན།

གྲོས་ཚོགས་སྟེང་མཚོ་ཤར་གྲོང་ཁྱེར་གྱི་དུས་བདེ་འཛུགས་སྐྲུན་སྲོལ་ཡིག་ལ་ཞིབ་བཤེར་བྱེད་པའི་འབྲེལ་ཡོད་ལས་དོན་ལ་སྙོམས་སྒྲིག་བྱས་པའི་སྐོར་གྱི་སྙན་ཞུ་དང་། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་སྙོམས་སྒྲིག་དང་ཁ་གསབ་བརྒྱབ་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། ཀྲུའུ་རིན་གྲོས་ཚོགས་སྟེང་དུ་གོང་ཞུས་སྙན་ཞུར་གྲོས་མཐུན་བྱུང་།

གྲོས་ཚོགས་སྟེང་ཉིས་སྟོང་ཉེར་གསུམ་ལོའི་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བཅས་ཀྱི་འགན་འཁྲི་བསྒྲུབས་པའི་གནས་ཚུལ་སྐོར་གྱི་སྙན་ཞུའི་གྲ་སྒྲིག་བྱ་བར་ཉན། ཀྲུའུ་རིན་གྲོས་ཚོགས་སྟེང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་སྙན་ཞུ་དཔར་འགྲེམས་བྱས་ནས། ཀྲུའུ་རིན་གྲོས་ཚོགས་ཐེངས་རྗེས་མའི་སྟེང་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུར་གྲོས་མཐུན་བྱུང་།

བན་དེ་སྐྱབས་ཀྱིས་བསྒྱུར།