ཟླ་བཅུ་པའི་ཚེས་དགུ་ཉིན། ཏང་ཀྲུང་དབྱང་གིས་ཀྲུང་གོའི་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་མགོ་རྩོམ་མཛད་སྒོའི་སྟེང་ཤིས་ཚིག་འབུལ་སྐབས། 《རང་རྒྱལ་གྱི་བཟོ་པ་གྲལ་རིམ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ཁྲོད་འབད་པས་ཞུགས་ཏེ་མི་རིགས་བསྐྱར་དར་གྱི་བརྗིད་ཉམས་ཆེ་བའི་ལེའུ་འབད་པས་རྩོམ་དགོས》ཞེས་པར་འཐུས་མི་ཡོངས་ཀྱི་ཁྲོད་དུ་ཚུར་སྣང་ཆེན་པོ་བྱུང་། འཐུས་མི་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། ལས་བཟོ་པ་དུང་ཕྱུར་མང་བོར་རྩ་འཛུགས་བྱེད་པ་དང་སྐུལ་སློང་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ཡིན་ཞེས་བསྟན།
ཚང་མས་ཏང་ཀྲུང་དབྱང་གི་ཤིས་ཚིག་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས། བཟོ་པ་གྲལ་རིམ་དང་བཟོ་ཚོགས་ཀྱི་ལས་དོན་ལ་དུས་རྣམ་ཀུན་ཏུ་མཐོང་ཆེན་དང་ཐུགས་ཁུར་གནང་བ་གང་ལེགས་སྒོས་མཚོན་ཐུབ་ལ། དུས་རབས་གསར་པའི་རང་རྒྱལ་གྱི་བཟོ་པ་གྲལ་རིམ་དང་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་ཆེད་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཁས་ལེན་གང་ལེགས་གནང་ཡོད་པར་ངོས་འཛིན་བྱས།
འཐུས་མི་ཚོས་ལྷག་བསམ་རྣམ་དག་དང་བློ་གཏད་ཆོག་པའི་སྒོ་ནས། བཟོ་པ་གྲལ་རིམ་གྱི་ཆབ་སྲིད་རང་བཞིན་རྒྱུན་འཛིན་བྱེད་རྒྱུ་དང་། ངལ་རྩོལ་ལ་བརྟེན་ནས་བཟོ་པ་གྲལ་རིམ་གྱི་འགན་འཁྲི་དང་ལས་འགན་གསར་སྐྲུན་བྱེད་པ། འཇོན་ཐང་ལ་བརྟེན་ནས་བཟོ་པ་གྲལ་རིམ་གྱི་དུས་རབས་ཀྱི་ཉམས་སྣང་མངོན་ཅི་ཐུབ་བྱེད་པ། མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་བཟོ་པ་གྲལ་རིམ་གྱི་བླ་ན་མེད་པའི་གཤིས་རྒྱུད་དར་སྤེལ་གཏོང་བ། ལས་བཟོ་པ་དུང་ཕྱུར་མང་བར་རྩ་འཛུགས་དང་སྐུལ་སློང་བྱས་ནས། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།