མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས།
2023.10.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ10པའི་ཚེས11ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས་པ་དང་། ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ་ཡི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་འཕྲིན་བཅར་ཅུའུ་ཡི་ཅུའུ་ཀྲང་ལིས་ཝུན་ཀྲང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མི་དམངས་ཀྱི་འཕྲིན་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་ཞེས་པ་བརྗོད་སྙིང་དུ་བཟུང་ནས་ཟུར་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་འགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས།

ལིས་ཝུན་ཀྲང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་འཕྲིན་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་བའི་འཕྲིན་བཅར་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་དམ་པོར་ཆུད་པར་བྱེད་པ། གཙོ་གནད་ལས་དོན་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ནས་དུས་རབས་གསར་བའི་འཕྲིན་བཅར་ལས་དོན་གྱི་ཇུས་ཆོད་བཀོད་སྒྲིག་དོན་ཐོག་ཏུ་ཏན་ཏིག་ངང་འཁྱོལ་བར་བྱེད་པ། དེང་སྐབས་ཀྱི་འཕྲིན་བཅར་གནས་བབ་ལ་ངོས་འཛིན་གང་ལེགས་བྱས་ནས་དུས་རབས་གསར་བའི་འཕྲིན་བཅར་ལས་དོན་གྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཏན་ཏིག་གིས་ཆེ་རུ་གཏོང་བ། གཙོ་གནད་ལས་དོན་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ནས་དུས་རབས་གསར་བའི་འཕྲིན་བཅར་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་ཕྱོགས་བཞིའི་ཐད་ནས་ཚང་མར་ཁྱོན་ཡོངས་དང་མ་ལག་ཚང་བའི་སྒོ་ནས་ཟུར་ཁྲིད་སྙན་ཞུ་ཕུལ།

ཁྲིན་ཀང་གིས་བསྟན་དོན། འཕྲིན་བཅར་ལས་དོན་ནི་དམངས་ཀྱི་དཀའ་གནད་སེལ་བ་དང་ཏང་ལ་དཀའ་ངལ་སེལ་རོགས་བྱེད་པའི་ཆབ་སྲིད་ཀྱི་ལས་དོན་གལ་ཆེན་ཞིག་ཡིན། གཙོ་ཤུགས་འགན་འཁྲི་ཏན་ཏིག་གིས་འཁུར་བ་དང་ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་གྱི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་འཕྲིན་བཅར་གྱི་གྱོད་གཞི་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ཏེ། འཕྲིན་བཅར་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་ནས་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་དང་། མང་ཚོགས་དང་འབྲེལ་བ་ཆེན་པོ་ཡོད་པའི་ཁེ་ཕན་གྱི་གནད་དོན་ལ་དམ་པོར་དམིགས་ཏེ་དོན་དག་ཐག་གཅོད་བྱེད་པའི་བྱ་བའི་འདུ་ཤེས་བཟུང་ནས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པའི་བྱ་བ་ཐག་གཅོད་འོས་འཚམ་བྱས་ཏེ་འགལ་ཟླ་དང་རྩོད་རྙོག་འབྱུང་རྩ་ནས་དོགས་ཟོན་དང་། གཞི་རིམ་ནས་སེལ་བ། འབྱུང་རྩ་ནས་སེལ་བ་བཅས་བྱེད་དགོས། དུས་རབས་གསར་བའི་མང་ཚོགས་ལམ་ཕྱོགས་ཀྱི་བགྲོད་ལམ་སྟེང་ཡག་པོར་བསྐྱོད་ནས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་འཛུགས་པ་དང་། དུས་རབས་གསར་བའི་ཧྥུན་ཆའོ་ཉམས་མྱོང་མཐའ་འཁྱོངས་བྱེད་པ། ཕུའུ་ཅང་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱེད་པ། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་གོ་སྐབས་སུ་བྱེད་པ། འཕྲིན་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ། ཏང་ཡོན་ལས་བྱེད་པ་གཞི་རིམ་ལ་བཅར་འདྲིར་བསྐྱོད་པ་དང་མང་ཚོགས་ཀྱིས་ངོ་བཅར་བྱེད་པ་ཟུང་འབྲེལ་བྱེད་པ་བཅས་བྱས་ནས་ཏང་དང་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་འབྲེལ་ཟམ་སྲ་བརྟན་དུ་གཏོང་དགོས།

ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་སོ་སོ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ་སོ་སོ། ཟི་ལིང་གི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་དང་། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་ཏང་ཙུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།