ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་ཅང་ཞི་རུ་རྟོག་ཞིབ་མཛད་སྐབས། དུས་རབས་གསར་བའི་སྐྱོད་ལམ་གསར་བའི་ཏང་གི་ལས་འགན་གཙོ་བོར་དམ་དུ་དམིགས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཅང་ཞིའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པའི་ཁྲོད་ཀྱི་ངེས་གནས་ཁོང་དུ་དམ་པོར་ཆུད་པར་བྱེད་པ་དང་། ཅང་ཞིའི་ཁྱད་ཆོས་དང་ཁྱད་སྟོབས་ལ་རྐང་བཙུགས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། ལྷད་མེད་འཕེལ་རྒྱས། ཐཱན་ཉུང་འཕེལ་རྒྱས་སོགས་ཀྱི་བླང་བྱ་གསར་བར་དམིགས་ནས། བསམ་བློ་བཅིངས་འགྲོལ་དང་གསར་སྤེལ་ཡར་བརྩོན། དགེ་སྤེལ་སྐྱོན་སྤང་དང་རྩ་བརྟན་གསར་སྤེལ་བྱས་ཏེ། གསར་བརྗེའི་གནས་རྙིང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐད་སྔོན་དུ་བསྐྱོད་པ་དང་། དབུས་རྒྱུད་ས་ཁུལ་གྱི་དར་རྒྱས་ཐད་སྔོན་ལ་བརྩོན་པ། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་གོང་སྤེལ་ཐད་བྱས་རྗེས་བཞག་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཅང་ཞིའི་ལེའུ་ཧུར་ཐག་གིས་འབྲི་དགོས་ཞེས་ནན་གྱིས་བསྟན།
ཟླ་བཅུ་པའི་ཚེས་བཅུ་ནས་བཅུ་གསུམ་ཉིན་བར། ཞི་ཅིན་ཕིང་ཅང་ཞི་ཏང་ཨུའི་ཧྲུའུ་ཅི་དབྱིན་ཧུང་དང་ཧྲིན་ཀྲང་ཡེ་ཅན་ཁྲུན་གྱི་ཕེབས་རོགས་འོག་སྔ་གཞུག་ཏུ་ཅིའུ་ཅང་དང་ཅིན་ཏི་ཀྲིན།ཧྲང་རའོ་སོགས་ས་ཆའི་འབྲི་ཆུའི་རྒྱུད་དང་ཁེ་ལས། ལོ་རྒྱུས་རིག་གནས་སྲང་ལམ། ཞིང་སྡེ་སོགས་སུ་ཕེབས་ནས་རྟོག་ཞིབ་མཛད།
ཟླ10པའི་ཚེས10ནས13ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་ཅང་ཞི་རུ་རྟོག་ཞིབ་མཛད། འདི་ནི་ཞི་ཅིན་ཕིང་གིས་འབྲི་ཆུ་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་ཅིའུ་ཅང་གྲོང་ཁུལ་དུ་རྟོག་ཞིབ་མཛད་སྐབས། ཆར་བའི་ཁྲོད་དུ་རྐ་ཁ་བརྒྱུད་དེ་ཆུ་འགྲམ་གྱི་ཡུལ་ལྗོངས་ལ་གཟིགས་བཞིན་པའི་ཚུལ་རེད།
འདི་ནི་ཞི་ཅིན་ཕིང་གིས་འབྲི་ཆུ་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་ཅིའུ་ཅང་གྲོང་ཁུལ་དུ་རྟོག་ཞིབ་མཛད་པའི་ཚུལ་རེད།
ཚེས10ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཅིའུ་ཅང་གྲོང་ཁྱེར་དུ་ཕེབས་ནས་རྟོག་ཞིབ་མཛད། འབྲི་ཆུ་རྒྱལ་ཁབ་རིག་གནས་སྤྱི་གླིང་ཅིའུ་ཅང་ཁུལ་དུ། ཞི་ཅིན་ཕིང་གིས་བསིལ་ཁང་ནས་འབྲི་ཆུར་རྒྱང་གཟིགས་མཛད་པ་དང་། འབྲི་ཆུ་རྒྱས་ཚད་དང་ཆུའི་རྒྱུ་སྤུས། ཆུ་ཐོག་འགྲིམ་འགྲུལ། ཞོད་འགོག ཉ་འཛིན་པར་བཀག་འགོག་བྱེད་པ་སོགས་ཀྱི་གནས་ཚུལ་ཞིབ་འདྲི་མཛད་ཅིང་། ས་དེས་ཆུ་འགྲམ་ཉིལ་བ་བཅོས་སྐྱོང་དང་། ཆུ་ལམ་གཙང་སེལ། འགྲམ་རྒྱུད་ཀྱི་སྐྱེ་ཁམས་ཉམས་གསོ་སོགས་བྱ་བ་སྒྲུབ་པའི་འཕེལ་རིམ་མཚམས་སྦྱོར་བྱས་པར་གསན། ཞི་ཅིན་ཕིང་གིས་འབྲི་ཆུ་ནི་འབྲི་ཆུ་དཔལ་འབྱོར་རྒྱུད་ཀྱི་སྦྲེལ་ཐག་ལྟ་བུ་ཡིན། མ་འོངས་པར་འབྲི་ཆུ་དཔལ་འབྱོར་རྒྱུད་ཇི་ལྟར་འཕེལ་རྒྱས་སུ་འགྲོ་བ་དང་། དུས་རིམ་གང་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་ནའང་། ཚང་མ་འབྲི་ཆུའི་སྐྱེད་གསོ་དང་འབྲལ་ཐབས་མེད་པས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཚེ་སྲོག་གཅིག་མཐུན་ཚོགས་པ་ནས་འགོ་བརྩམས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཡུན་མཐུད་འཕེལ་རྒྱས་ལ་དམིགས་ནས། འབྲི་ཆུར་སྲུང་སྐྱོབ་བཟང་བོ་བྱེད་དགོས་ཞེས་བསྟན།
འདི་ནི་ཚེས10ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཅིའུ་ཅང་ཡན་ལག་ཀུང་ཟིའི་ཚོད་ཞིབ་རྩིས་བཤེར་ལྟེ་གནས་ཀྱི་ཚོད་ལྟ་ཁང་དུ་རྟོག་ཞིབ་མཛད་པའི་ཚུལ་རེད།
འདི་ནི་ཚེས10ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཅིའུ་ཅང་ཡན་ལག་ཀུང་ཟིའི་ཚོད་ཞིབ་རྩིས་བཤེར་ལྟེ་གནས་ཀྱི་ཚོད་ལྟ་ཁང་དུ་རྟོག་ཞིབ་མཛད་པའི་ཚུལ་རེད།
དེའི་རྗེས་སུ་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཅིའུ་ཅང་ཡན་ལག་ཀུང་ཟིར་ཕེབས། ཁོང་ཉིད་ཀུང་ཟིའི་ཐོན་སྐྱེད་དོ་དམ་ལྟེ་གནས་ཀྱི་ཚོད་འཛིན་ཚོམས་ཆེན་དང་ཚོད་ཞིབ་རྩིས་བཤེར་ལྟེ་གནས་ཀྱི་ཚོད་ལྟ་ཁང་དུ་ཕེབས་ཏེ། ཁེ་ལས་ཀྱི་ཚུལ་སྒྱུར་རིམ་སྤོར་སྒོས་ལྷད་མེད་རིག་ནུས་བཟོ་གྲྭ་སྐྲུན་པ་དང་། ནུས་གྲོན་བཙོག་སེལ་ཐཱན་ཉུང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད་ཅིང་། ཁེ་ལས་ཀྱིས་ཚན་རིག་ལྟར་ཞིབ་བཤེར་རྩིས་ལེན་བྱེད་པ་དང་བཙོག་འབུད་ཀྱི་ཚད་གཞི་གཟབ་ནན་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་ཁས་ལེན་གང་ལེགས་མཛད། ཞི་ཅིན་ཕིང་གིས་རྫས་འགྱུར་བཟོ་གྲྭས་འབྲི་ཆུའི་མཐའ་བསྐོར་བའི་གནས་བབ་གཏོར་བ་ནི། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་གཙོ་གནད་ཡིན་པས། ཡང་འབད་བསྐྱར་འབད་བྱས་ཏེ་མགོ་ཁུངས་ནས་དོ་དམ་འགོག་སྡོམ་བྱེད་པ་དང་། བརྒྱུད་རིམ་ཧྲིལ་བོ་ནས་བཙོག་སེལ་ཐཱན་ཉུང་དུ་གཏོང་བ། གཞི་གྲངས་དང་རིག་ནུས་ཅན་གྱི་སྒྱུར་བཀོད་རྒྱ་ཆེར་སྤེལ་བ། ལྷད་མེད་རང་བཞིན་དུ་ཚུལ་སྒྱུར་བྱེད་པ་བཅས་བྱས་ཏེ། འཛམ་གླིང་སྟེང་སྔོན་ཐོན་གྱི་ལྷད་མེད་རིག་ནུས་ཀྱི་བཙོ་སྦྱང་ཁེ་ལས་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
འདི་ནི་ཚེས10ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཅིའུ་ཅང་ཡན་ལག་ཀུང་ཟི་རུ་རྟོག་ཞིབ་མཛད་དེ། ཁེ་ལས་ཀྱི་ལས་བཟོ་པ་དང་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།
འདི་ནི་ཚེས10ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཅིའུ་ཅང་ཡན་ལག་ཀུང་ཟི་རུ་རྟོག་ཞིབ་མཛད་དེ། ཁེ་ལས་ཀྱི་ལས་བཟོ་པ་དང་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།
འདི་ནི་ཚེས10ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཅིའུ་ཅང་ཡན་ལག་ཀུང་ཟི་རུ་རྟོག་ཞིབ་མཛད་དེ། ཁེ་ལས་ཀྱི་ལས་བཟོ་པ་དང་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།
ཚོད་ལྟ་ཁང་གི་ཕྱི་རོལ་དུ། ཁེ་ལས་ཀྱི་ལས་བཟོ་པ་རྣམས་མཉམ་གཅིག་ཏུ་རུབ་ནས་སྤྱི་ཁྱབ་ཧྲུའུ་ཅིར་ཁམས་འདྲི་བྱས། ཞི་ཅིན་ཕིང་གིས་ཐུགས་བརྩེ་བའི་ངང་ཚང་མར་རྡོ་སྣུམ་རྫས་འགྱུར་ཐོན་ལས་ནི་རྒྱལ་དམངས་དཔལ་འབྱོར་གྱི་རྒྱབ་རྟེན་ཐོན་ལས་གལ་ཆེན་ཡིན་པས། ཁྱོད་ཚོས་ཏང་ཀྲུང་དབྱང་གི་གསར་དར་བཟོ་ལས་ཅན་སྐོར་གྱི་བཀོད་སྒྲིག་བླང་བྱ་ལྟར། ལྷད་མེད་དང་རིག་ནུས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་སྒོས་ཏན་ཏན་ཏིག་ཏིག་དང་འབད་འཐབ་ཡར་བརྩོན་བྱས་ཏེ། རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་རྡོ་སྣུམ་རྫས་འགྱུར་བཟོ་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་ཆེད་བྱས་རྗེས་གསར་བ་འཇོག་དགོས་ཞེས་གསུངས།
འདི་ནི་ཚེས11ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཅིན་ཏི་ཀྲིན་གྲོང་ཁྱེར་ཐའོ་དབྱང་ལེ་ལོ་རྒྱུས་རིག་གནས་སྲང་ལམ་ལྷོ་འདབས་ཀྱི་གནས་ཤུལ་དུ་རྟོག་ཞིབ་མཛད་པའི་ཚུལ་རེད།
འདི་ནི་ཚེས11ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཅིན་ཏི་ཀྲིན་གྲོང་ཁྱེར་ཐའོ་དབྱང་ལེ་ལོ་རྒྱུས་རིག་གནས་སྲང་ལམ་ལྷོ་འདབས་ཀྱི་གནས་ཤུལ་དུ་རྟོག་ཞིབ་མཛད་པའི་ཚུལ་རེད།
འདི་ནི་ཚེས11ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཅིན་ཏི་ཀྲིན་གྲོང་ཁྱེར་ཐའོ་དབྱང་ལེ་ལོ་རྒྱུས་རིག་གནས་སྲང་ལམ་ལྷོ་འདབས་ཀྱི་གནས་ཤུལ་དུ་རྟོག་ཞིབ་མཛད་སྐབས། ཤུལ་བཞག་རིག་གནས་རྒྱུན་འཛིན་པ་དང་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།
ཚེས11ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཅིན་ཏི་ཀྲིན་གྲོང་ཁྱེར་དུ་ཕེབས་ནས་རྟོག་ཞིབ་མཛད། ཐའོ་དབྱང་ལེ་ལོ་རྒྱུས་རིག་གནས་སྲང་ལམ་དུ། ཞི་ཅིན་ཕིང་སྔ་གཞུག་ཏུ་ལྷོ་འདབས་གནས་ཤུལ་དང་། རྫ་ཆས་རྟེན་མཛོད་ཁང་། མིང་ཆིང་རྒྱལ་རབས་ཀྱི་རྫ་ཆས་ཚོགས་ཡོད་ས་བཅས་སུ་ཕེབས་ཏེ། དགའ་སྣང་ཆེན་པོས་རྫ་ཆས་བཟོ་བའི་ལག་རྩལ་གྱི་བརྒྱུད་རིམ་དང་། རྫ་ཆས་རིག་གནས་ཀྱི་རྒྱུན་འཛིན་གསར་གཏོད་དང་ཕྱི་ཕྱོགས་བར་གྱི་བརྗེ་རེས་སོགས་གནས་ཚུལ་ལ་རྒྱུས་ལོན་མཛད་ཅིང་། ཤུལ་བཞག་རིག་གནས་རྒྱུན་འཛིན་པར་བརྩེ་བའི་གསུང་གླེང་མཛད་དེ། ཁོ་ཚོའི་བཟོ་རྩལ་དང་བཟོ་པོའི་སྙིང་སྟོབས་ལ་གཟེངས་བསྟོད་མཛད་པ་དང་། ཁོ་ཚོར་སྒྱུ་རྩལ་བླ་ན་མེད་པ་རྒྱུན་འཁྱོངས་སྒོས་སེམས་རྣལ་དུ་ཕབ་ནས་རྒྱུན་འཛིན་དང་གསར་གཏོད་བྱེད་དགོས་པའི་སྐུལ་མ་གནང་། ཞི་ཅིན་ཕིང་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་གནའ་ནས་ད་བར་དུ་དར་རྒྱས་ཀྱི་མཚམས་ཆད་མ་མྱོང་ལ། རྫ་ཆས་ནི་ཀྲུང་ཧྭའི་རིན་པོ་ཆེ་ཡིན་ལ། ཀྲུང་ཧྭའི་ཤེས་རིག་གི་མིང་བྱང་གལ་ཆེན་ཡིན། ཐའོ་དབྱང་ལེ་ལོ་རྒྱུས་རིག་གནས་སྲང་ལམ་གྱིས་སྲུང་སྐྱོབ་ཨང་དང་པོར་འཇོག་པ་དང་གདོད་མ་ལྟར་ཉམས་གསོ་བྱེད་པའི་བླང་བྱ་བརྩི་སྲུང་ནན་མོ་བྱས་ཏེ། རྫ་ཆས་རིག་གནས་སྲུང་སྐྱོབ་དང་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་བར་གྱི་མཉམ་འགུལ་བཟང་བོ་མངོན་འགྱུར་བྱས་འདུག ཕྱོགས་སོ་སོའི་འཇོན་མི་གཅིག་སྡུད་བྱས་ཏེ་གསར་བཟོ་ཇུས་འགོད་དང་ཞིབ་བཟོ་གསར་གཏོད་ལ་ཤུགས་བསྣན་ནས། རྫ་ཆས་ཐོན་ལས་འདི་སྔར་ལས་གོང་འཕེལ་ཆེན་པོ་བཏང་སྟེ། མི་ལོ་སྟོང་གི་རྫ་ཆས་གྲོང་ཁྱེར་ཞེས་པའི་མཚན་སྙན་འབར་བའི་མིང་བྱང་འདི་སྔར་ལས་བཀྲག་མདངས་ལྡན་པར་བྱེད་དགོས་ཞེས་གསུངས།
འདི་ནི་ཚེས11ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཅིན་ཏི་ཀྲིན་གྲོང་ཁྱེར་ཐའོ་དབྱང་ལེ་ལོ་རྒྱུས་རིག་གནས་སྲང་ལམ་དུ་རྟོག་ཞིབ་མཛད་སྐབས། ཤུལ་བཞག་རིག་གནས་རྒྱུན་འཛིན་པར་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།
འདི་ནི་ཚེས11ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཅིན་ཏི་ཀྲིན་གྲོང་ཁྱེར་ཁྲང་ཧི་གནམ་གྲུ་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི་རུ་རྟོག་ཞིབ་མཛད་པའི་ཚུལ་རེད།
དེའི་རྗེས་སུ། ཞི་ཅིན་ཕིང་ཁྲང་ཧི་གནམ་གྲུ་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི་རུ་ཕེབས་ནས། གྱེན་འཕུར་གནམ་གྲུ་སྒྲིག་སྦྱོར་འཁོར་ཁང་དང་ཚོད་ལྟའི་འཕུར་སྐྱོད་ས་ཚིགས་སུ་རྟོག་ཞིབ་མཛད་དེ། ཁེ་ལས་ཀྱིས་ལག་རྩལ་གསར་གཏོད་བྱེད་པ་དང་ཐོན་རྫས་རབས་བརྗེ་རིམ་སྤོར་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད། ཁོང་གིས་མཁའ་སྐྱོད་སྒྲིག་ཆས་ནི་རང་རྒྱལ་གྱི་གསར་བཟོ་ལས་རིགས་གོང་དུ་སྤེལ་བའི་གཙོ་གནད་ཡིན་པས། གསར་གཏོད་ཀྱིས་སྐུལ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་སྒོས་གནད་འགག་སྲོག་ཤིང་གི་ལག་རྩལ་རང་བདག་སྒོས་ཞིབ་བཟོ་བྱེད་པར་འབད་བརྩོན་བྱས་ཏེ། མ་འོངས་པའི་དོས་མཁོར་ཁ་ཕྱོགས་ནས་ཐོན་རྫས་གསར་བ་བཟོས་ཏེ། སྔོན་ཐོན་གསར་བཟོ་མ་ལག་ཧུར་ཐག་གིས་བསྐྲུན་པ་དང་འཛམ་གླིང་གི་གྱེན་འཕུར་གནམ་གྲུའི་ཁེ་ལས་རྩེ་གྲ་བསྐྲུན་དགོས་ཞེས་གསུངས།
འདི་ནི་ཚེས11ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཧྲང་རའོ་གྲོང་ཁྱེར་ཝུའུ་ཡོན་རྫོང་ཆིའུ་ཁིའུ་གྲོང་རྡལ་ཝང་ཚུན་སྡེ་བའི་ཧྲི་མིན་རང་བྱུང་སྡེ་བ་རུ་རྟོག་ཞིབ་མཛད་སྐབས། རའོ་ཧི་ཆུ་བོ་རྒྱལ་ཁབ་བརླན་ས་སྤྱི་གླིང་དང་བྱ་རིགས་རྩ་ཆེན་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད།
འདི་ནི་ཚེས11ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཧྲང་རའོ་གྲོང་ཁྱེར་ཝུའུ་ཡོན་རྫོང་ཆིའུ་ཁིའུ་གྲོང་རྡལ་ཝང་ཚུན་སྡེ་བའི་ཧྲི་མིན་རང་བྱུང་སྡེ་བ་རུ་རྟོག་ཞིབ་མཛད་པའི་ཚུལ་རེད།
ཚེས11ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཧྲང་རའོ་གྲོང་ཁྱེར་ཝུའུ་ཡོན་རྫོང་ཆིའུ་ཁིའུ་གྲོང་རྡལ་ཝང་ཚུན་སྡེ་བའི་ཧྲི་མིན་རང་བྱུང་སྡེ་བ་རུ་ཕེབས། སྡེ་བ་དེ་ནི་རའོ་ཧི་ཆུ་བོ་རྒྱལ་ཁབ་བརླན་ས་སྤྱི་གླིང་གི་དཀྱིལ་སྙིང་ཁུལ་ཡིན་ལ། བྱ་རིགས་རྩ་ཆེན་རང་བྱུང་སྲུང་སྐྱོབ་ས་ཁུལ་ཡང་ཡིན་ཞིང་། སྤང་རྩྭའི་སྣ་མང་བ་དང་སྐྱེ་ཁམས་ཧ་ཅང་བཟང་། ཞི་ཅིན་ཕིང་གིས་བརླན་ས་སྤྱི་གླིང་དང་བྱ་རིགས་རྩ་ཆེན་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད། ས་དེས་ཁྱད་ལྡན་ཡུལ་སྐོར་དང་ཇའི་ཐོན་ལས་གོང་དུ་སྤེལ་ནས་གྲོང་གསེབ་དར་སྤེལ་ཐད་ཕན་འབྲས་མངོན་གསལ་བླངས་ཡོད་པ་ཤེས་པས། ཞི་ཅིན་ཕིང་དགའ་སྤྲོ་ཆེན་པོ་སྐྱེས། ཁོང་གིས་ཡིད་འོང་གི་རང་བྱུང་ཁོར་ཡུག་ནི་མ་གཞི་ནས་གྲོང་གསེབ་དར་སྤེལ་གྱི་ཐོན་ཁུངས་ལེགས་པོ་ཡིན་པས། སྐྱེ་ཁམས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ནུས་ལྡན་ཐབས་ལམ་བཙལ་ནས། མང་ཚོགས་རྣམས་ལ་ཁེ་ཕན་ངོ་མ་ཐོབ་ཏུ་འཇུག་དགོས། གྲོང་གསེབ་དར་སྤེལ་གཏོང་ན་གནད་འགག་ནི་གཞི་རིམ་ཏང་རྩ་འཛུགས་ལེགས་པོ་དང་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ནི་མང་ཚོགས་ཕྱུག་སྒྱུར་གྱི་སྣེ་ཁྲིད་པ་བྱས་ཏེ། ཏང་གི་དམངས་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱས་ནས། འཐབ་འཛིང་གི་བཙན་རྫོང་ངོ་མར་འགྱུར་དགོས་ཞེས་གསུངས།
འདི་ནི་ཚེས11ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཧྲང་རའོ་གྲོང་ཁྱེར་ཝུའུ་ཡོན་རྫོང་ཆིའུ་ཁིའུ་གྲོང་རྡལ་ཝང་ཚུན་སྡེ་བའི་ཧྲི་མིན་རང་བྱུང་སྡེ་བ་རུ་རྟོག་ཞིབ་མཛད་སྐབས་སྡེ་མི་རྣམས་དང་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།
འདི་ནི་ཚེས11ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཧྲང་རའོ་གྲོང་ཁྱེར་ཝུའུ་ཡོན་རྫོང་ཆིའུ་ཁིའུ་གྲོང་རྡལ་ཝང་ཚུན་སྡེ་བའི་ཧྲི་མིན་རང་བྱུང་སྡེ་བ་རུ་རྟོག་ཞིབ་མཛད་སྐབས་སྡེ་མི་རྣམས་དང་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།
སྡེ་བ་དེ་དང་ཁ་འབྲལ་སྐབས། སྡེ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་སྐྱེལ་མ་ཞུས། ཞི་ཅིན་ཕིང་གིས་ཐུགས་བརྩེ་བའི་ངང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲོང་ཁྱེར་གྱི་དེང་རབས་ཅན་ཡོད་དགོས་པར་མ་ཟད་ཞིང་ལས་དང་ཞིང་སྡེའི་དེང་རབས་ཅན་ཡང་ཡོད་དགོས་པས། ངས་གྲོང་གསེབ་དར་སྤེལ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ཁྱོད་ཚོས་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོབ་བཟང་བོ་བྱས་ཏེ། སྲོལ་རྒྱུན་སྡེ་བའི་ཡུལ་ལྗོངས་དང་དེང་རབས་ཀྱི་གྲུབ་ཆ་ཟུང་སྦྲེལ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་མཛེས་དཔྱོད་དགའ་ཕྱོགས་རྒྱུན་འཁྱོངས་བྱེད་པ། གྲོང་གསེབ་སྔར་ལས་མཛེས་པར་འཛུགས་སྐྲུན་བྱེད་པ་བཅས་བྱས་ཏེ། འཚོ་བ་སྔར་ལས་སྐྱིད་པོ་རོལ་རྒྱུའི་རེ་བ་བཅངས་ཡོད་ཅེས་གསུངས།
ཚེས13ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཅང་ཞི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་ནས། ཅང་ཞིས་བྱ་བ་སྣ་ཚོགས་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་མཛད།
ཞི་ཅིན་ཕིང་གིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་དགོས་ན། ཉམས་མེད་ཀྱི་སྤོབས་པ་ཆེན་པོ་བཅངས་ནས་ཐབས་བརྩོན་གོང་འཕེལ་ཧུར་ཐག་གིས་བརྩོན་ལེན་བྱེད་དགོས་པར་མ་ཟད། དོན་དངོས་ལ་རྐང་བཙུགས་ནས་ཐབས་སྒྱུར་གོང་འཕེལ་གཏོང་མཁས་དགོས། ངེས་གནས་ཡང་དག་པར་འཚོལ་བ་དང་ཁ་ཕྱོགས་གསལ་བར་བྱེད་པ། ཐོན་ཁུངས་གཅིག་སྡུད་དང་གནད་ཁེལ་ཤུགས་འདོན་བྱས་ཏེ། སྲོལ་རྒྱུན་ཐོན་ལས་མྱུར་དུ་སྒྱུར་བཀོད་རིམ་སྤོར་བྱེད་པ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་མྱུར་དུ་དར་རྒྱས་གོང་འཕེལ་དུ་བཏང་ཞིང་། མ་འོངས་ཐོན་ལས་བཀོད་སྒྲིག་གང་ལེགས་བྱས་ཏེ། ཅང་ཞིའི་ཁྱད་ཆོས་དང་ཁྱད་སྟོབས་མཚོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་གིས་བསྐྲུན་དགོས། ཁ་གཏད་རང་བཞིན་ལྡན་པར་གསར་གཏོད་ཕྲེང་འབྲེལ་བཀོད་སྒྲིག་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་ཐོན་ཁུངས་ལ་སྦྲེལ་མཐུད་གང་ལེགས་བྱེད་པ་དང་། གནད་འགག་སྲོག་ཤིང་གི་ལག་རྩལ་སྐོར་ཞིག་བརྒལ་གཏོར་བྱས་ཤིང་། མཐོ་གསར་ལག་རྩལ་གྱི་ཐོན་ལས་སྐོར་ཞིག་བསྐྲུན་ནས། རྒྱལ་ཡོངས་སུ་ཤན་ཤུགས་ཡོད་པའི་ཐོན་ལས་ཚོགས་སྤྱི་གྲུབ་པར་བྱེད་དགོས། གཞི་གྲངས་དཔལ་འབྱོར་དང་དངོས་ཕུང་དཔལ་འབྱོར་མཉམ་སྦྲེལ་ལེགས་པོ་བྱས་ཏེ། གཞི་གྲངས་དཔལ་འབྱོར་དར་རྒྱས་གོང་འཕེལ་དུ་གཏོང་དགོས། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་དམིགས་བསལ་དུ་འཛིན་པ་དང་ལྷད་མེད་འཕེལ་རྒྱས་སུ་གཏོང་བའི་ལམ་དུ་བསྐྱོད་ནས། ཕྱོགས་ཡོངས་ཀྱི་ལྷད་མེད་ཚུལ་སྒྱུར་ལ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བཙན་ས་བསྐྲུན་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཅང་ཞིས་ཤར་ནུབ་སྦྲེལ་ཞིང་ལྷོ་བྱང་མཐུད་ཡོད་ལ་མཚོ་ལམ་དང་ཆུ་ལམ་གང་སར་འཐེན་ཡོད་ཅིང་། རྒྱལ་ཁབ་ཀྱི་འཐབ་ཇུས་མང་བོ་གཞི་གཅིག་ཏུ་འདྲེས་ཡོད། ཕྱི་ནང་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་། སྒོ་འབྱེད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་བ། ནང་ལོགས་ས་ཁུལ་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་བཙན་ས་བསྐྲུན་པ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་བར་རང་འགུལ་གྱིས་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་དགོས། འགག་སྒོའི་དཔལ་འབྱོར་གོང་སྤེལ་ཆེན་པོ་བྱེད་པ་དང་། འབྲི་ཆུ་དཔལ་འབྱོར་རྒྱུད་ཀྱི་གཙོ་གནད་ས་ཚིགས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་བྱས་ཏེ། ས་ཁོངས་རང་བཞིན་གྱི་དངོས་སྐྱེལ་འགག་རྩ་དང་ཉོ་ཚོང་ལྟེ་གནས་བསྐྲུན་དགོས། གྲོང་ཁྱེར་ཚོགས་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ། འབྲི་ཆུ་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་དང་ཀོང་ཏུང་ཞང་ཀང་ཨོ་མིན་ཁུགས་ཁུལ་ཆེན་པོའི་འཛུགས་སྐྲུན་ལ་རང་འགུལ་གྱིས་སྦྲེལ་མཐུད་བྱེད་པ་དང་ཞབས་འདེགས་ཞུས་ཏེ། མ་དངུལ་དང་ལག་རྩལ། འཇོན་མི་སོགས་འགུག་ཤུགས་ཇེ་ཆེར་གཏོང་དགོས། སྐྱེ་ཁམས་ཁྱད་སྟོབས་དང་སྲོལ་རྒྱུན་ཞིང་ལས་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། ས་ཁོངས་རང་བཞིན་གྱི་སྤུས་ལེགས་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་མཁོ་འདོན་རྟེན་གཞི་བསྐྲུན་དགོས། སྲོལ་རྒྱུན་ཚོད་ལམ་སྲ་བརྟན་དུ་གཏོང་བ་དང་། ཚོང་ལམ་གསར་བ་ཧུར་ཐག་གིས་གསར་སྤེལ་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་ཟབ་མོར་འདྲེས་པར་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྒྲིག་སྲོལ་དང་སྒྲིག་ལམ། དོ་དམ། ཚད་གཞི་སོགས་ལམ་ལུགས་རང་བཞིན་གྱི་སྒོ་འབྱེད་ཚད་བརྟན་བརླིང་སྒོས་རྒྱ་བསྐྱེད་དགོས། དམངས་ཁྲོད་མ་དངུལ་ཁྲོམ་རར་འཇུག་ཚད་གོ་རིམ་ལྡན་པར་རྒྱ་བསྐྱེད་པ་དང་། འདྲ་མཉམ་གྱི་འགྲན་རྩོད་ལ་སྐུལ་བའི་སྲིད་ཇུས་ལག་བསྟར་བྱེད་པ། འཛའ་གཙང་གཅིག་གྱུར་གྱི་སྲིད་ཚོང་གི་འབྲེལ་བ་གསར་བ་བཙུགས་ནས། དམངས་གཉེར་དཔལ་འབྱོར་གྱི་བདེ་ཐང་གོང་འཕེལ་ལ་ཡར་སྐུལ་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཞིང་ལས་དང་ཞིང་སྡེ་དམིགས་བསལ་གྱིས་གོང་འཕེལ་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། འབྲུ་རིགས་བདེ་འཇགས་ཀྱི་ཚད་མཐའ་དམ་པོར་སྲུང་བ་དང་། ཞིང་ལས་དེང་རབབས་ཅན་ལ་སྐུལ་སྤེལ་བཏང་ཞིང་། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་བཏང་ནས། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་དགོས། ཐོན་ལས་ལ་བརྟེན་ནས་ཞིང་ས་གོང་དུ་སྤེལ་བ་དང་། རྒྱུ་སྤུས་ལ་བརྟེན་ནས་ཞིང་ལས་གོང་དུ་སྤེལ་བ། ལྷད་མེད་ལ་བརྟེན་ནས་ཞིང་ལས་གོང་དུ་སྤེལ་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ཞིང་ལས་དེ་ཐོན་ལས་ཆེན་པོར་འཛུགས་སྐྲུན་བྱས་ཏེ། ཞིང་ལས་ཀྱི་སྟོབས་ལྡན་ཞིང་ཆེན་མྱུར་དུ་འཛུགས་སྐྲུན་བྱེད་དགོས། ནགས་འབྲེལ་དཔལ་འབྱོར་གོང་དུ་སྤེལ་བ་དང་། ནགས་འབྲེལ་ཟས་རིས་གསར་སྤེལ་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་དང་ནགས་ཚུལ་ཁམས་གསོ་སོགས་ཀྱི་ལས་རྣམ་གསར་བ་བསྐྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་སྲ་བརྟན་རྒྱ་སྐྱེད་དུ་བཏང་ནས། ཐོན་ལས་གོང་འཕེལ་ལ་སྔར་ལས་མང་དུ་བརྟེན་ཏེ། ནང་གནས་གོང་འཕེལ་སྒུལ་ཤུགས་རྒྱུན་མ་ཆད་པར་ཇེ་ཆེར་གཏོང་དགོས། ཞིང་སྡེའི་ཐོན་ལས་གོང་འཕེལ་དང་སྤྱི་ཐུན་ཞབས་ཞུ། ཁོར་ཡུག་བཅོས་སྐྱོང་། ཡུལ་སྲོལ་འཛུགས་སྐྲུན་བཅས་ལ་དམིགས་ནས། ཡུན་གྱིས་འབད་བརྩོན་དང་ཡུན་རིང་འབད་བརྩོན་ཆེན་པོས་དོན་དངོས་སྐོར་ཞིག་སྒྲུབ་རྒྱུ་དམ་འཛིན་ལེགས་པོ་བྱས་ཏེ། མང་ཚོགས་ལ་འགྱུར་ལྡོག་གསར་བ་མཐོང་དུ་འཇུག་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་གནས་རྙིང་གི་མི་དམངས་ཀྱིས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པ་དང་བདེ་སྐྱིད་ཀྱི་འཚོ་བ་རོལ་བར་ཁག་ཐེག་བྱེད་པ་ནི། མི་དམངས་ཡོངས་ཀྱི་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་ལས་འགན་ཡིན་པས། ལས་ཞུགས་དམིགས་བསལ་དུ་འཛིན་པའི་སྲིད་ཇུས་ཐད་ཤུགས་བསྣན་ནས། ལས་གནས་བརྟན་པོ་དང་ལས་རྐང་འཕར་སྣོན་ཡོང་བར་བྱས་ཏེ། གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་བྱ་བ་དངོས་སུ་བཟང་བོར་སྒྲུབ་དགོས། རྨང་གཞི་རང་བཞིན་དང་ཀུན་ཕན་རང་བཞིན། མས་སྐྱོར་རང་བཞིན་བཅས་ཀྱི་དམངས་ཚིས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རོགས་སྐྱོབ་དང་དགེ་སྒྲུབ་ལམ་ལུགས་འཐུས་ཚང་དུ་འཛུགས་པ། གཞི་རྩའི་སྤྱི་ཐུན་སློབ་གསོའི་ཞབས་ཞུ་ཆུ་ཚད་ཇེ་མཐོར་གཏོང་བ་དང་། གྲོང་གསེབ་ཀྱི་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། ཕྱིར་དབུལ་ཕོངས་སུ་འགྱུར་བར་ལྟ་ཞིབ་བྱེད་ཡུལ་དང་ལས་ཞུགས་བྱེད་མཁན་མེད་པའི་ཁྱིམ་ཚང་སོགས་དཀའ་ཁག་ཅན་གྱི་མི་ཚོགས་ལ་རོགས་རམ་བྱེད་པར་ཤུགས་སྣོན་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་ཉམས་མྱོང་བཟང་བོ་སྤྱི་སྡོམ་དང་བཀོལ་སྤྱོད་བྱེད་པ་དང་། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤུས་ཚད་མཐོན་པོས་སྤེལ་ནས། ཅིན་ཀང་རི་བོའི་སྙིང་སྟོབས་དང་སུའུ་ཝེ་ཨེད་ས་ཁུལ་གྱི་སྙིང་སྟོབས། རྒྱང་སྐྱོད་ཀྱི་སྙིང་སྟོབས་བཅས་ཀྱིས་ཏང་ཡོན་དང་ལས་བྱེད་པར་སྦྱོང་བརྡར་བྱེད་པ་དང་། ཏང་ཡོན་དང་ལས་བྱེད་པས་ཕུགས་བསམ་དད་མོས་ཇེ་བརྟན་དུ་གཏོང་བ་དང་། ཐོག་མའི་འགན་འཁྲི་སེམས་པ་བརྟན་པོར་འཛིན་པ། གསར་སྤེལ་ཡར་བརྩོན་བྱེད་པ། ཁག་ཁུར་འབད་འཐབ་བྱེད་པ་བཅས་ལ་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས། བླང་བྱ་ནན་མོ་དེ་བརྗོད་དོན་སློབ་གསོའི་བརྒྱུད་རིམ་ཧྲིལ་བོར་སྦྲེལ་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་ལ་བཀག་འགོག་དང་དེ་ཁྱད་བསལ་བྱེད་པ་དང་། གཞུང་ལུགས་སློབ་སྦྱོང་བརྟག་དཔྱད་ཞིབ་འཇུག་དམ་འཛིན་ལེགས་འཛིན་བྱེད་པ། འབུར་ཐོན་གནད་དོན་ཞིབ་བཤེར་ལེགས་བཅོས་བྱེད་རྒྱུ་དམ་འཛིན་ལེགས་འཛིན་བྱེད་པ། དམངས་ཕན་དོན་དངོས་བཟང་བོར་སྒྲུབ་རྒྱུ་དམ་འཛིན་ལེགས་འཛིན་བྱེད་པ་བཅས་བྱས་ཏེ། དངོས་སྒྲུབ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ཡིད་ཚིམ་པར་བྱེད་དགོས་ཞེས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་ཡིས་མཉམ་དུ་རྟོག་ཞིབ་མཛད།
ལིས་ཀན་ཅེ་དང་ཧི་ལིས་ཧྥིན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་ཀྱིས་རྟོག་ཞིབ་བྱེད་རོགས་བྱས། བརྗོད་དོན་སློབ་གསོའི་ཀྲུང་དབྱང་སྐོར་ཞིབ་མཛུབ་སྟོན་ཚན་ཁག་བརྒྱད་པའི་འགན་ཁུར་བློ་མཐུན་ཡར་ཞུ་ཚོགས་འདུར་ཞུགས།