ཟླ་བཅུ་པའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་ཡོངས་ཀྱི་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོའི་སྐོར་ཞིབ་མཛུབ་སྟོན་བྱ་བའི་ཡར་ཞུ་གྲོས་ཚོགས་བསྡུས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་སོ་སོའི་བྱ་བའི་སྙན་ཞུ་ལ་ཉན་པར་མ་ཟད། བྱ་བའི་ཁྲོད་གནས་པའི་གནད་དོན་དང་མི་འདང་སར་ཞིབ་འཇུག་དབྱེ་ཞིབ་བྱས་ལ། གོ་རིམ་རྗེས་མའི་བརྗོད་དོན་སློབ་གསོ་དང་སྐོར་ཞིབ་མཛུབ་སྟོན་བྱ་བ་བཟང་བོར་སྒྲུབ་པར་བཀོད་སྒྲིག་བྱས།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་གིས་གཏམ་བཤད། ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་པོ་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་གི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བཅུ་བཞི་པའི་ཚན་གཙོ་ཝང་ཅུང་དང་ཚན་གཙོ་གཞོན་པ་ཝང་ཧྲུའུ་ཉན། དེ་མིན་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་གི་ཁོངས་མི་ཡོངས་གྲོས་ཚོགས་ལ་ཞུགས་ནས་མཛུབ་སྟོན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཀྲའོ་ཡུའེ་ཞ་ཡིས་འགོ་འཛིན་བྱས། ཞིང་ཆེན་གྱི་འགོ་ཁྲིད་ཝང་དབྱང་དང་ཀྲུའུ་ཞང་ཧྥིན་གྲོས་ཚོགས་ལ་ཞུགས།
ཁྲིན་ཀང་གིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་འགོ་བརྩམས་པའི་ཚུན་ལ། ཀྲུང་དབྱང་གི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་གི་མཛུབ་སྟོན་ཞིབ་མོའི་འོག་ཏུ། ས་ཁུལ་སོ་སོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་ཟབ་མོ་བྱས་ཏེ་དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱར་དམ་དུ་དམིགས་ཤིང་། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོའི་ལག་ལེན་འདེགས་སྐྱོར་བཞི་དང་ལས་བྱེད་པའི་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། སྒྲིག་ལམ་དམ་དགོས་པའི་བྱ་བའི་བླང་བྱ་དང་ཟུང་འབྲེལ་བྱས་ལ། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ལྟ་ཞིབ་དག་བཅོས་བཅས་ནུས་ལྡན་མཉམ་བསྲེས་དང་གཅིག་གྱུར་སྐུལ་འདེད་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ་བྱ་བ་ནུས་ཡོད་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། མ་རྩོམ་ཀློག་པ་དང་མ་ཡིག་སློབ་པ། རྩ་བའི་རིགས་པ་རྟོགས་པར་བྱེད་རྒྱུ་རྒྱུ་འཁྱོངས་བྱེད་པ་དང་རྗོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པ་དམ་འཛིན་ནན་མོ་བྱེད་པ། གཞི་རིམ་ཏང་རྩ་འཛུགས་དང་ལྷག་པར་དུ་རོང་འབྲོག་ཁུལ་གྱི་ཏང་ཡོན་དང་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན། འཁོར་སྐྱོད་ཏང་ཡོན་བཅས་ཀྱི་སློབ་སྦྱོང་གཙོར་བཟུང་ནས་དམ་འཛིན་བྱས་ཏེ་ཆེད་དོན་ཏང་གི་སློབ་ཁྲིད་བཟང་བོར་བྱས་ནས་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས། རིམ་བགར་རིགས་བགར་མཛུབ་སྟོན་ལ་ཤུགས་སྣོན་པ་དང་ལྟ་སྐུལ་མཛུབ་སྟོན་གྱི་གནད་འགག་དམ་འཛིན་བཟང་བོ་བྱེད་པ། དངོས་ཡོད་ནས་འགོ་རྩོམ་རྒྱུ་རྒྱུན་འཁྱོངས་བྱེད་པ། བྱ་བའི་ལས་འགན་ཇེ་ཞིབ་ཏུ་གཏོང་བ་དང་ལག་ལེན་འདེགས་སྐྱོར་འཛུགས་པ། དངོས་ཐོག་བདེན་འཚོལ་ལ་བརྟེན་ནས་སློབ་སྦྱོང་གི་བྱེད་ཐབས་གཏན་འཁེལ་བྱེད་པ་བཅས་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མེད་པར་བྱེད་དགོས། སྦྲེལ་མཐུད་མཉམ་སྒུལ་ལ་ཤུགས་སྣོན་པ་དང་སྐོར་དང་པོའི་སྡེ་ཁག་གིས་དག་ཐེར་ལེགས་བཅོས་དང་དོན་འཁྱོལ་གཏིང་ཟབ་བྱས་པའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཏེ་རེ་རེ་བཞིན་ལྟ་ཞིབ་ནན་མོ་བྱེད་པ་དང་དག་བཅོས་མཐའ་འཁྱོལ་བྱེད་དགོས། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་ཁྲོད་རྙེད་པའི་གནད་དོན་ཞིབ་མོར་བཙལ་ཏེ་སྔོན་རྗེས་སྦྲེལ་མཐུད་དང་གོང་འོག་མཉམ་འབྲེལ་གྱིས་ཐག་གཅོད་བཟང་བོ་བྱེད་དགོས། སློབ་གསོ་སྤེལ་ཏེ་མང་ཚོགས་དང་ཉེ་བར་བཅར་བ་དང་མང་ཚོགས་ཁྲོད་འདྲེས་པར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མང་ཚོགས་རྣམས་བརྗོད་དོན་སློབ་གསོའི་གོ་རིམ་ཧྲིལ་བོར་ཟབ་ཞུགས་བྱེད་པ་དང་དེར་ལྟ་སྐུལ་དང་གདེང་འཇོག་བྱེད་དུ་འཇུག་དགོས་པ་དང་། གཅིག་བསྡུས་གནད་དོན་དང་མང་ཚོགས་ཀྱི་ཚུར་སྣང་དྲག་པ། བྱ་བའི་འགག་གནད་བཅས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པ། མང་ཚོགས་ཀྱི་རེ་བར་ཉན་པ་དང་མང་ཚོགས་ཀྱི་དགོས་འདོད་མྱུར་དུ་ཐག་གཅོད་པ་སོགས་ནང་རྐྱེན་དོན་འཁྱོལ་བྱས་ནས་མང་ཚོགས་ཀྱི་མྱོང་ཚོར་དང་ཐོབ་ཚོར་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་དཔྱད་ཞིབ་བྱེད་དགོས། གཞི་རིམ་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་གཞི་རིམ་ཏང་གི་འཛུགས་སྐྲུན་གྱི་ཕན་ཡོད་གོ་སྐབས་སུ་བྱེད་པ། གཞི་རིམ་ཏང་འཛུགས་ཀྱི་གཅིག་ཅན་དྲུག་གི་བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་འགོ་ཁྲིད་ནུས་ཡོད་སྒོས་མངོན་འགྱུར་བྱེད་པའི་སྟོབས་ལྡན་གྱི་འཐབ་རྩོད་བཙན་རྫོང་དུ་འཛུགས་སྐྲུན་བྱེད་དགོས།
ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་སོ་སོས་ནན་མོ་དང་དྲག་གཞག་ཡོང་བར་ཤུགས་སྣོན་དགོས་པ་དང་། རིགས་བགར་མཛུབ་སྟོན་ཇེ་དྲག་ཏུ་གཏོང་བ་དང་དཀའ་གནད་ཐག་གཅོད་པའི་ཐད་བྱེད་ཐབས་བཟང་བོ་སྤྱོད་པ། འགན་འཁྲི་ཇེ་ཞིབ་ཏུ་གཏོང་བའི་ཐད་དངོས་ཕན་བརྩོན་ལེན་བྱེད་པ། གཅིག་གྱུར་མཐུན་སྦྱོར་སྟེང་མཉམ་ཤུགས་གཅིག་བསྡུས་བྱེད་པ་བཅས་བྱས་ཏེ་མཛུབ་སྟོན་བྱེད་ཡུལ་གྱི་ས་ཁུལ་དང་ཤུགས་མཉམ་དུ་འདོན་པ་དང་གནད་དོན་ལ་མཉམ་དུ་ལན་འདེབས་དགོས། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་འབུར་ཐོན་གནད་དོན་ལེགས་སྒྲིག་བྱེད་པ་དང་ཉམས་མྱོང་བྱེད་ཐབས་ཁྱབ་གདལ་དུ་གཏོང་བ། འབྲེལ་གཏུགས་མཛུབ་སྟོན་བཟང་བོར་སྒྲུབ་པ། བསམ་འཆར་བསྡུ་ལེན་བྱེད་པ་བཅས་བྱས་ཏེ་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བརྒྱད་པའི་ཁོངས་མི་ཡོངས་བཅས་གྲོས་ཚོགས་ལ་ཞུགས།
ལྷ་མོ་ཚེ་རིང་གིས་བསྒྱུར།