ཀྲའོ་ལི་ཅི་ཡིས་ཀྲི་ལིའི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2023.10.17 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 22

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས16ཉིན་པེ་ཅིང་དུ་ཀྲི་ལིའི་ཙུང་ཐུང་པོ་ལིས་ཆི་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཀྲི་ལི་རྒྱལ་ཁབ་གཉིས་བར་བར་ཐག་རིང་བོ་ཡོད་ནའང་རྒྱལ་ཁབ་གཉིས་བར་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་ཡོད་པ་དང་། ཀྲུང་གོ་དང་ཀྲི་ལི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་སོ་སོའི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་ཐོབ་ཡོད་པས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་དུ་གྱུར་ཡོད། ཀྲི་ལི་ནི་ཀྲུང་གོ་དང་ཁྲིམས་འཛུགས་སྒྲིག་གཞིའི་མཉམ་ལས་རྐྱེན་སྲོལ་བཙུགས་པའི་ལ་ཏེན་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཐོག་མ་ཡིན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཀྲི་ལི་རྒྱལ་དམངས་གྲོས་ཚོགས་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ། རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་དང་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུར་བཅའ་ཁྲིམས་ཀྱིས་འགན་ལེན་བྱེད་པ་དང་། ཀྲུང་གོ་དང་ཀྲི་ལིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས། 

པོ་ལི་ཆི་ཡིས་བསྟན་དོན། ཀྲི་ལི་ཕྱོགས་ཀྱིས་ཀྲུང་གོས་བླངས་པའི་རླབས་ཆེན་གྱི་གྲུབ་འབྲས་ལ་ཡིད་སྨོན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ལྷད་མེད་མཛའ་གྲོགས་ལ་གཅེས་སྤྲས་བྱེད་ཀྱིན་ཡོད་ཅིང་། ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཁྲིམས་འཛུགས་སྒྲིག་གཞིའི་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཀྲི་ལི་དང་ཀྲུང་གོའི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས། 

ཧའོ་མེན་ཅིན་མཇལ་འཕྲད་ལ་ཞུགས།