ཟླ་བཅུ་པའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་མི་དམངས་སྲིད་གྲོས་སུ་སྔར་ལས་ལྷག་པའི་སྒོ་ནས་འགན་སྒྲུབ་ནན་མོ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་བསམ་འཆར་ལ་ཉན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།
ཚོགས་ཐོག་ནས་དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ། ཚང་མས་གཅིག་གྱུར་སྒོས་བསྟན་དོན། ཞིང་ཆེན་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱིས་ངོ་བོ་དང་ངེས་གནས་རྒྱུན་འཁྱོངས་བྱེད་དགོས་ལ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་གི་སྲིད་གྲོས་གྲོས་མོལ་བྱ་བའི་སྒྲིག་སྲོལ་མ་ལག་དང་བྱ་བའི་རྐྱེན་སྲོལ་ལ་བརྟེན་ནས་དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་སྒྲུབ་བྱེད་པར་སྟེགས་བུ་འཛུགས་པ་དང་ཆ་རྐྱེན་བསྐྲུན་ནས་སྲིད་གྲོས་གྲོས་མོལ་གྱི་ཕན་ནུས་མུ་མཐུད་མཐོར་འདེགས་གཏོང་དགོས།
ཚང་མའི་གཏམ་བཤད་ལ་ཉན་རྗེས་མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། སྐབས་གསར་བའི་དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ། ཞིང་ཆེན་གྱི་ཆེས་ཆེ་བ་གསུམ་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ངེས་གནས་ལ་གོ་བ་གཏིང་ཟབ་ལེན་པ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་གཏན་ཁེལ་བྱས་པའི་དམིགས་འབེན་ལ་དམིགས་ནས་འགན་སྒྲུབ་བྱེད་པ། ཆབ་སྲིད་ནུས་པ་དང་འགན་སྒྲུབ་ཕན་འབྲས་མངོན་གསལ་མཐོར་འདེགས་བཅས་བཏང་ནས་སྐབས་གསར་བའི་དམངས་གཙོའི་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁག་ཁུར་དང་ཉམས་སྣང་མཚོན་པར་བྱས།
མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཡིན་ལ། མི་དམངས་སྲིད་གྲོས་ཀྱིས་འགན་སྒྲུབ་བྱེད་པའི་རྒྱབ་རྟེན་དང་གཙོ་ཤུགས་སྟོབས་ཤུགས་ཡིན། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་མི་དམངས་སྲིད་གྲོས་སུ་སྔར་ལས་ལྷག་པའི་སྒོ་ནས་འགན་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱེད་པ་ནི་མི་དམངས་སྲིད་གྲོས་བཙུགས་པའི་ཐོག་མའི་བསམ་འདུན་དང་རིན་ཐང་ཡིན་ལ། མི་དམངས་སྲིད་གྲོས་ཀྱི་ནང་གནས་བླང་བྱ་དང་རྟག་བརྟན་གྱི་བརྗོད་གཞི་ཡིན། བསམ་པའི་ངོས་ཟིན་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་པ་གསར་པའི་སྲིད་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལ་མུ་མཐུད་དུ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། དམངས་གཙོ་ཏང་ཁག་སོ་སོདང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་མི་དམངས་སྲིད་གྲོས་སུ་འགན་སྒྲུབ་བྱེད་པའི་དོན་སྙིང་གལ་ཆེན་དང་འགན་སྒྲུབ་ཁ་ཕྱོགས་ལ་གོ་བ་ཡང་དག་ལེན་དགོས། སྲིད་གྲོས་རྩ་འཛུགས་ཀྱིས་སྲིད་དོན་ཁྱབ་བརྡ་དོན་འཁྱོལ་བྱེད་པ་དང་བྱ་བའི་འབྲེལ་འདྲིས་ལམ་ལུགས་འཐུས་ཚང་དུ་གཏོང་བ། འགན་སྒྲུབ་སྟེགས་བུ་རྒྱ་བསྐྱེད་པ། ཞབས་ཞུའི་འགན་སྲུང་ལེགས་སྒྱུར་བྱེད་པ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་ནས་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ས་སྲིད་གྲོས་སུ་འགན་སྒྲུབ་བྱེད་པར་ཁོར་ཡུག་བཟང་པོ་བསྐྲུན་དགོས། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་འཛིན་པ་དང་ཞིང་ཆེན་གྱི་ཆེ་ཕྱོགས་ལ་དམིགས་ནས་རང་ངོས་ཀྱི་ལེགས་ཆ་འདོན་པ་དང་སྲིད་ཞུགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།
ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་ཁོང་ཡུང་དང་ཝང་ཞོན། མཱ་ཧྥིན་ཧྲིན། མཱ་ཡུའེ་ཞང་། ཕིན་ཡིའུ་ཏུང་བཅས་གྲོས་ཚོགས་ལ་ཞུགས།
མི་ཕམ་མགོན་པོས་བསྒྱུར།