ཟླ10པའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་དབྱིན་ཇིའི་བཟོ་པའི་ཏང་གི་སྔོན་ཆད་ཀྱི་གཙོ་འཛིན་དང་དབུ་བཞུགས་བློན་ཆེན་པུའུ་ལའེ་ཨར་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་བསྟན་དོན། ཀྲུང་དབྱིན་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོ་ཡིན་པ་དང་། ཕྱོགས་མང་རིང་ལུགས་དང་དཔལ་འབྱོར་འཛམ་གླིང་ཅན། རང་མོས་ཉོ་ཚོང་བཅས་ལ་སྲུང་སྐྱོང་བྱེད་མཁན་དང་ལེགས་སྐྱེས་འབུལ་མཁན། སྐུལ་འདེད་གཏོང་མཁན་དང་ཕན་པ་ཐོབ་མཁན་བཅས་ཡིན་པས། བརྟན་པོ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བའི་རྒྱལ་སྤྱིའི་གནས་བབ་ཀྱི་རྒྱབ་ལྗོངས་འོག་ཀྲུང་དབྱིན་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དེ་རྒྱལ་ཁབ་གཉིས་ཀྱི་རང་ངོས་ཀྱི་ཁེ་ཕན་དང་མཐུན་པར་མ་ཟད། འཛམ་གླིང་ཧྲིལ་བོར་ཡང་ཕན་པ་ཡོད། རྒྱལ་ཁབ་གཉིས་བར་དུ་ནུས་ཁུངས་དག་གཙང་དང་སྐྱེ་དངོས་སྨན་བཅོས། དངུལ་རྩ། སློབ་གསོ། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བར་སྟོང་རྒྱ་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་ལས་དོན་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། གནམ་གཤིས་འགྱུར་ལྡོག་ལ་མཉམ་དུ་ཁ་གཏད་འཇལ་བ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱས་ཏེ་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས།
པུའུ་ལའེ་ཨར་གྱིས་བསྟན་དོན། དེང་སྐབས་འཛམ་གླིང་འགྲན་སློང་མང་བོར་འཕྲད་ཡོད་ཅིང་། ཀྲུང་གོར་རྒྱལ་སྤྱིའི་གོ་གནས་གལ་ཆེན་ལྡན་པས་དབྱིན་ཀྲུང་གཉིས་ཀྱིས་མཛའ་གྲོགས་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུ་ནི་གལ་འགངས་ཧ་ཅང་ཆེ། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ལྷག་བསམ་ཟོལ་མེད་ངང་འབྲེལ་འདྲིས་བྱེད་པ་དང་། ཁྱབ་ཁོངས་ཆེན་པོའི་ནང་དགེ་མཚན་ལྡན་པའི་མཉམ་ལས་བྱས་ནས་འཛམ་གླིང་ཧྲིལ་བོའི་གནད་དོན་ལ་ཁ་གཏད་འཇལ་རྒྱུ་ཡིན་ཟེར།
ཤ་བོ་གསེར་མཚོས་བསྒྱུར།